ཧ་ར་རི་(Harare)ནི་ཛིམ་བབ་ཝི་ཡི་རྒྱལ་ས་རེད།

File:ཧ་ར་རི།.jpg

མིང་འབྱུང་ཚུལ། རྩོམ་སྒྲིག

ལོ་རྒྱུས། རྩོམ་སྒྲིག

ས་ཁམས། རྩོམ་སྒྲིག

དཔལ་འབྱོར། རྩོམ་སྒྲིག

མི་འབོར། རྩོམ་སྒྲིག

པར་རིས་བར་འཁྱམས། རྩོམ་སྒྲིག


ཟིན་ཐོ་འམ་དཔྱད་གཞི། རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག། རྩོམ་སྒྲིག

ད་དུང་གཟིགས། རྩོམ་སྒྲིག

ཆོས་རྗེ་སྨར་པའི་གསོལ་འདེབས།

མི་ཕམ་གཞུང་ལུགས་པདྨའི་འདབ་སྟོང་ལས། ། རྒྱ་ཆེ་ཟིའུ་འབྲུ་མྱོང་བས་སྟོབས་རྒྱས་ནས། ། ཤེས་བྱའི་གནས་ཀུན་མཁྱེན་པའི་པཎྜི་ཏ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

ཕར་མཐའ་བྲལ་བའི་དབུ་མའི་ལྷ་ལམ་ལས། །

རྟེན་འབྱུང་ལྟ་བའི་ཉིན་བྱེད་འོད་རླབས་ཀྱིས། ། སྒྲིབ་གཉིས་མུན་པའི་སྨག་རུམ་གསལ་བྱེད་པ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། ཚུལ་ཁྲིམས་ཉེས་པའི་དྲ་མ་རྡུལ་ཙམ་ཡང་། ། གོས་མེད་ངུ་སྨྲིག་འཛིན་པ་ཤྰཀྱའི་སྲས། ། མཐོང་ན་མི་ཐུན་མེད་པ་མཛེས་པའི་སྐུ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

སྙིང་རྗེ་སེམས་ཀྱི་རྐང་འཐུང་སྐྱིད་ཚལ་དུ། ། བྱང་སེམས་རྨ་བྱའི་སྒྲོ་གུར་ཕུབ་བྱེད་པའི། ། འགྲོ་ཀུན་ཕན་བདེ་ཆེན་པོས་ཚིམ་མཛད་པ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

འཆད་པའི་གསུང་དབྱངས་སེངྒེའི་ང་རོ་ལྡིར། ། རྩོད་པའི་དམ་བཅའ་ཐོ་ཡོར་འབིག་པར་བྱེད། ། རྩོམ་པའི་ཚིག་རེ་མན་ངག་ཀུན་འདུས་པའི། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

བརྗོད་བྲལ་ཆོས་ཉིད་ཡེ་ཤེས་ནམ་མཁའ་ལས། ། བཤད་སྒྲུབ་བསྟན་པའི་ཟླ་འོད་རབ་འཕྲོས་ནས། ། སྐྱེ་དགུའི་སེམས་ཀྱི་མུན་པ་བསལ་མཛད་པ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

ཐུན་མོང་ལམ་བཟང་ཐེག་པའི་རྒྱུད་སྦྱངས་ནས། ། གསང་ཆེན་ཐིག་པའི་མན་ངག་མཛོད་གྱུར་པའི། ། སྙན་བརྒྱུད་བཀའ་བབས་འཛིན་ལ་ཟླ་བྲལ་བ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

པཎ་ཆེན་ནྰ་རོའི་སྙན་བརྒྱུད་མན་ངག་གིས། །

རྟོགས་པ་ནམ་མཁའ་མཉམ་པ་ཉིད་གྱུར་ནས། ། ཟབ་ཆོས་ཉི་འོད་འགྲོ་ལ་འཕྲོག་མཛད་པ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

རྒྱ་ཆེན་ཚིག་གི་ལོ་འདབ་ཀུན་སྤངས་ནས། ། དོན་སྙིང་མན་ངག་ཟབ་ཆོས་མཛུབ་ཁྲིད་ཀྱིས། ། གདུལ་བྱ་ཐར་པ་འདྲེན་པའི་དེད་དཔོན་མཆོག ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

སྒོ་གསུམ་ལྷ་ཡི་བསྐྱེད་རིམ་གསལ་ཙམ་གྱིས ། བདེ་དགྱེས་གསང་གསུམ་ཡི་དམ་ལྷ་ཚོགས་ཀྱི། ། དཀྱིལ་འཁོར་ལྷང་ངེ་གསལ་བའི་རྣལ་འབྱོར་པ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས།

སྒོམ་མེད་སྤྲོས་བྲལ་ལྷན་སྐྱེས་ཡེ་ཤེས་ཀྱིས། ། རླུང་སེམས་དབང་བསྒྱུར་དྲི་མ་ཀུན་ཟད་ནས། ། འགྲོ་འདུལ་སངས་རྒྱས་གཉིས་པ་ཉིད་གྱུར་པའི། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

ཕུང་པོ་རྒྱལ་བའི་དཀྱིལ་འཁོར་འཆར་བ་དང་། ། ཆོས་ཉིད་བདེ་སྟོང་རོ་གཅིག་མྱོང་བ་གཉིས། ། མཉམ་རྗེས་སྣང་བ་དབྱེར་མེད་རྡོ་རྗེ་འཆང་། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

མན་ངག་གསེར་ཞུན་ཡང་སྙིང་ཕྱག་ཆེན་གྱི། ། སྙན་བརྒྱུད་སྒྲུབ་པའི་བ་དན་བསྒྲེང་ཕྱིར་ཏུ། ། སྨར་ཚང་བཤད་སྒྲུབ་བསྟན་པའི་སྲོལ་བཏོད་པ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

དུད་སོལ་ལྷ་མོ་དཔལ་མགོན་བྱ་རོག་སོགས། ། ཡེ་ཤེས་སྤྱན་ལྡན་ཆོས་སྐྱོང་སྲུང་མ་ཀུན། ། བྲན་དུ་འཁོར་བའི་མཐུ་སྟོབས་རྫུ་འཕྲུལ་ཅན། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

བགྲངས་བྱ་དྲུག་བཅུ་རེ་གསུམ་ལོ་སྟོད་ནས། ། དྲུག་བཅུ་རེ་དགུར་འདས་པར་ལུང་བསྟན་པའི། ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་མངོན་གྱུར་པ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདབས། །

འདས་མ་ཐག་པ་འཇའ་འོད་གུར་ཕུབ་ནས། ། མཁའ་འགྲོ་དཔག་མེད་རྒྱུད་མང་སྒྲོག་བཞིན་དུ། ། དག་ཞིང་བྱོན་པའི་ངོ་མཚར་སྟོན་མཛད་པ། ། ཆོས་རྗེ་སྨར་པའི་ཞབས་ལ་གསོལ་བ་འདེབས། །

དུས་འདི་ནས་བཟུང་བྱང་ཆུབ་མ་ཐོབ་བར། ། ཁྱོད་ཀྱི་བསྟན་ལ་སྲི་ཞུ་བསྒྲུབས་པའི་མཐུས། ། མགོན་ཁྱོད་ཞབས་དྲུང་མྱུར་དུ་སྐྱེ་འགྱུར་ནས། ། ཕྱག་ཆེན་ལྟ་བ་ཟབ་མོ་མཇལ་བར་ཤོག ། ཅེས་ཆོས་ཀྱི་རྒྱལ་པོ་སྨར་པ་རིན་པོ་ཆེ་ལ་མི་ཕྱེད་དད་པའི་རྗེས་འབྲང་པ་འགྲོ་མགོན་གངས་རི་ཀརྨའི་སྐྱེ་རབས་ཀྱི་གྲས་མཐར་ཆུད་པ་བསྟན་འཛིན་ཀུན་དགའ་ཆོས་ཀྱི་རྒྱལ་མཚན་གྱིས་རང་ལོ་༤༦་སོན་པའི་ཕྱི་ལོ་༢༠༡༡་ལོ་ཟླ་༩་ཚེས་༨་ཆོས་རྗེ་བདེ་བར་གཤེགས་པའི་ཉིན་མོར་བྲིས་པ་འདི་ཉིད་ཆོས་རྗེ་བླ་མ་དགྱེས་པའི་རྒྱུར་གྱུར་ཅིག །