ཧྥེ་ཧྥེ།
ཧྥེ་ཧྥེ་ནི་འུ་འཐུང་སྲོག་ཆགས་ཀྱི་རིགས་གཅིག་རེད།
གསལ་བཤད།
རྩོམ་སྒྲིགཧྥེ་ཧྥེ་ཡི་གདོང་དབྱིབས་ཁྱད་པར་ཅན་དུ་སྣང་ཡང་། དེ་ནི་སྤྲེལ་རིགས་ཀྱི་བྱེ་བྲག་ཅིག་ཡིན། ཨ་ཧྥེ་རི་ཁ་གླིང་ཆེན་དང་ཨ་རབ་གླིང་ཕྲན་ཕྱེད་མ་ཁོ་ནར་ཁྱབ་ཡོད། དེ་དག་ནགས་ཚལ་ལས་བྲལ་ཏེ་སྡོང་ཚོམ་དང་བྲག་རི། བྱེ་ཐང་དང་སྤང་ཐང་འདྲེས་མཚམས་སུ་གནས་བཅའ། ཕོ་མོ་དང་ཕྲུ་གུ་མཉམ་དུ་ཁྱུ་ཚོའི་འཚོ་བ་སྐྱེལ། སྤྲེལ་ཁྱུའི་ནང་སྤྲེལ་རྒྱལ་གཅིག་དང་གཞོན་པ་འགའ་ཤས་ཡོད། ཉིན་དཀར་གཟན་འཚོལ་བར་འགྲོ་ཞིང་། མཚན་མོ་ཚང་དུ་ལོག་ནས་ངལ་གསོ་བྱེད། ཧྥེ་ཧྥེ་ཡིས་གཙོ་བོ་རྩི་ཤིང་གི་ས་བོན་། རྩངས་པ་དང་འབུ་སྲིན་སོགས་གཟན་དུ་བརྟེན།