ཨིན་རྡུ་ནི་ཤིས་ཡ་ངམ་ཨི་ཌོ་ནེ་ཤི་ཡ་ནི་ཨེ་ཤེ་ཡ་ཡི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་ཊ་ཁར་ཏ་རེད།

ཨིན་རྡུ་ནི་ཤིས་ཡ།

ཧིན་ཉི་ནི་ཤར་ལྷོ་ཨེ་ཤ་ཡའི་ནང་དུ་ཡོད་ལ། ལྷོ་ཕྱོགས་ཞི་བདེ་རྒྱ་མཚོའི་གླིང་ལ་ཁྱབ་པའི་ཡུལ་ཁག་གི་ཁོངས་སུ་འདུས་ཡོད། ཧིན་ཉི་ནི་མ་ལེ་གླིང་ཕྲན་ཚོམ་བུའི་ཆ་ཤས་ཤིག་ཡིན་པ་དང་། གླིང་ཕྲན༡༨༡༠༨ཡོད་པ་ལས་གླིང་ཕྲན༦༠༠༠ཙམ་དུ་མི་རྣམས་འཚོ་སྡོད་བྱེད་ཀྱིན་ཡོད། ཆེས་གལ་ཆེན་གྱི་གླིང་ཕྲན་རྣམས་ནི་ཇ་བ་དང་བྷ་ལི། བྷོ་ནེའོ། སུ་ལ་ཝེ་སི། སུ་མ་ཐྲ་བཅས་ཡིན། ཧིན་ཉིའི་རྒྱལ་ས་ནི་ཇ་བ་ནང་གི་ཇ་ཁར་ད་ཡིན། ད་ལྟའི་སྲིད་འཛིན་ཇོ་ཁོ་ཝེ་དྲོ་དྲོ་ཡིན། དེང་རབས་ཀྱི་ཧིན་ཉི་ནི་སྤྱི་ལོ༡༩༤༥ལོའི་ཟླ༨པའི་ཚེས༡༧ཉིན། གཟའ་པ་སངས་ཀྱི་ཞོགས་ཀའི་ཆུ་ཚོད༡༠པའི་སྟེང་སྲིད་འཛིན་སོ་ཁར་ནོ་ལགས་ཀྱིས་ཧིན་ཉི་ཡི་རང་བཙན་ཁྱབ་བསྒྲགས་བྱས་པ་དང་། ཉིན་མོ་དེ་ནི་རྒྱལ་ཡོངས་ཀྱི་གུང་གསེང་ཉིན་མོ་ཡང་ཡིན།


མི་འབོར། རྩོམ་སྒྲིག

ཧིན་ཉི་ལ་ཁྱོན་མི་འབོར༢༣༨༤༥༢༩༥༢(སྤྱི་ལོ༢༠༠༤ལོ)ཡོད་ལ་འཛམ་གླིང་སྒང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་བཞི་པར་གྱུར་ཡོད། མི་འབོར་གྱི་ཕྱེད་ཀ་ཇ་བ་ནང་འཚོ་སྡོད་བྱེད་ཀྱི་ཡོད་པ་དང་སྤྱི་ལེ་རེ་རེར་མི༡༡༡གནས་ཀྱི་ཡོད་ལ། སྐྱེས་པ་དང་བུད་མེད་ཀྱི་མང་ཉུང་ཕལ་ཆེར་གཅིག་མཚུངས་ཡིན། སྤྱིའི་ས་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ས་ཡ༡.༩༠༤དང་མེག་སི་ཁོ་ལས་ཕྲན་ཙམ་ཆུང་བ་ཡིན།

སྐད་རིགས། རྩོམ་སྒྲིག

ཧིན་ཉི་ཡི་གཞུང་འབྲེལ་སྐད་ཡིག་ནི་བྷ་ཧ་ས་ཧིན་ཉི་སྐད་ཡིག་ཡིན་མོད་ཀྱང་། ཧིན་ཉི་ཡི་ས་ཁུལ་མི་འདྲ་བ་ཁག་ཏུ་བཀོལ་བའི་སྐད་ཡིག་ཁྱོན་བསྡོམས༧༣༧ཡོད་པ་དང་། དེ་དག་ལས་སྐད་ཡིག་མང་ཤོས་ཐག་རིང་གི་ཚོ་བ་ཁག་གི་ཡུལ་ཁོ་ན་རུ་སྤྱོད་ཀྱིན་ཡོད་པ་ལས། ཇ་བ་སྐད་ཡིག་དང་བྷ་ལི་སྐད་ཡིག་དང་སུན་དྲ་སྐད་ཡིག་བཅས་ཚུད་པའི་སྐད་ཡིག་གཞན་རྣམས་ཧིན་ཉི་ནང་ཤུགས་ཆེ་རུ་བཀོལ་སྤྱོད་བྱེད་ཀྱིན་ཡོད།

མཐའ་འཁོར་རྒྱལ་ཁབ། རྩོམ་སྒྲིག

ཧིན་ཉི་ཡི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ནི་ཕ་ཕུ་ཀུའི་ནེ་ཡ་གསར་པ་དང་མ་ལེ་ཞི་ཡ། ཤར་ཐི་མོར་བཅས་ཡིན་པ་དང་ཁོ་ཚོའི་སྐམ་སའི་ས་མཚམས་ཕན་ཚུན་སྦྲེལ་ནས་ཡོད། ཉེ་འཁོར་གྱི་རྒྱལ་ཁབ་གཞན་རྣམས་ནི་ལྷོ་ཕྱོགས་སུ་ཨོ་སི་ཐྲི་ལི་ཡ་དང་ནུབ་བྱང་ཕྱོགས་སུ་སིང་གྷ་ཕོར། བྱང་ཤར་ཕྱོགས་སུ་ཧྥི་ལི་ཕིན་བཅས་ཡོད།

རང་བྱུང་གནོད་འཚེ། རྩོམ་སྒྲིག

ཧིན་ཉི་ནང་འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་གང་རུང་ལས་ཀྱང་ཆེས་འགུལ་ནུས་ཅན་གྱི་མེ་རི་རྣམས་འབྱུང་གིན་ཡོད་པར་མ་ཟད། བྲག་རིམ་ཆག་ལྟེབ་ཤོར་པའི་ཐིག་མཚམས་རྣམས་ལ་ཐག་ཉེ་བས་ས་ཡོམ་དང་མཚོ་རླབས་སམ་སུ་ན་མེ(Tsunami)ཡང་མང་པོ་འབྱུང་གིན་ཡོད།

ཆོས་ལུགས་དད་མོས། རྩོམ་སྒྲིག

ཧིན་ཉི་ཡི་མི་མང་ཤོས་ཀྱིས་ཁ་ཆེའི་ཆོས་ལུགས་ཉམས་ལེན་བྱེད་ཀྱིན་ཡོད་ན་ཡང་ཁྲིམས་ལུགས་ཀྱི་སྒང་ནས་ཧིན་ཉི་ཁ་ཆེའི་རྒྱལ་ཁབ་ཅིག་མིན། རེད་དེ་ཧིན་ཉི་ནང་སའི་གོ་ལའི་སྟེང་གི་ཁ་ཆེ་ཆོས་ལུགས་པའི་མི་འབོར་མང་ཤོས་ཡོད། ཧིན་ཉི་མི་རྣམས་ཀྱིས་ཉམས་ལེན་བྱེད་པའི་ཆོས་ལུགས་གཞན་རྣམས་ནི་ཡི་ཤུའི་ཆོས་ལུགས(ཡི་ཤུའི་ཆོས་ལུགས་གསར་མ་དང་རོ་མའི་ཁེ་ཐོ་ལིག་ཆོས་ལུགས།)དང་ཧིན་རྡུའི་ཆོས་ལུགས། ནང་པ་སངས་རྒྱས་པའི་ཆོས་ལུགས་སོགས་ཡིན།

ལོ་རྒྱུས། རྩོམ་སྒྲིག

ཧིན་ཉི་ལ་དུས་རབས༡༧པའི་སྔོན་ནས་ཡི་གེར་བཀོད་པའི་ལོ་རྒྱུས་ཡོད་འདུག སྤྱི་ལོ༡༥༩༦ལོར། ཧོ་ལནྜའི་མི་རྣམས་མ་སླེབས་པའི་སྔོན་དུ། རྒྱལ་གཞིས་མང་པོ་ཞིག་མཉམ་དུ་སྒྲིལ་ནས་ཧིན་ཉི་གྲུབ་ཡོད་ལ་རྒྱལ་གཞིས་ཕན་ཚུན་བར་རྒྱུན་པར་དམག་འཁྲུག་བྱུང་གིན་ཡོད་པ་རེད། དུས་རབས༡༧པ་ནས་འཛམ་གླིང་དམག་ཆེན་གཉིས་པ་བར་དུ་ཧོ་ལན་གྱིས་ཧིན་ཉི་དབང་སྒྱུར་བྱས་ཤིང། སྐབས་དེར་ཧིན་ཉི་ཡི་མིང་ལ་ཧོ་ལནྜ་ཤར་ཨན་ཌེ་སི་ཞེས་བརྗོད་ཡོད་འདུག འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ།འཇར་པན་གྱིས་ཧོ་ལནྜའི་མི་རྣམས་ཕར་བསྐྲད་དེ་ཧིན་ཉི་ལ་སྟངས་འཛིན་བྱས་པ་དང་། འཇར་པན་གྱིས་དམག་འཁྲུག་ནང་མགོ་བསྒུར་པའི་རྗེས་ནས། སྤྱི་ལོ༡༩༤༥ལོའི་ཟླ༨ཚེས༡༧ཉིན། ཧིན་ཉི་རྒྱལ་ཁབ་ཀྱིས་རང་བཙན་ཁྱབ་བསྒྲགས་བྱས། སུ་ཁར་ནོ་ལགས་ཀྱིས་དྲིལ་བསྒྲགས་དེ་གནང་ཞིང་ཕྱིས་སུ་ཁོང་ཧིན་ཉི་ཡི་སྲིད་འཛིན་ཐོག་མར་གྱུར། ཧིན་ཉི་ནང་ཞི་བདེ་སླར་གསོ་དང་འཇར་པན་གྱི་བཙོན་མར་གྱུར་བའི་ཧོ་ལནྜའི་མི་རྣམས་སྐྱོབ་ཆེད་དབྱིན་ཇིའི་དཔུང་དམག་ཧིན་ཉི་ནང་དུ་སླེབས། དབྱིན་ཇིའི་དཔུང་དམག་ལ་ད་དུང་འཇར་པན་དཔུང་དམག༣༠༠༠༠༠མཚོ་ཐོག་ནས་ཕྱིར་ཁོ་ཚོའི་རྒྱལ་ཁབ་ཏུ་སྐྱེལ་བའི་ལས་དོན་ཡང་ཡོད། ཧིན་ཉི་ཡི་སྤྱི་མཐུན་རིང་ལུགས་པ་རྣམས་ཀྱི་སེམས་སུ་དབྱིན་ཇི་ཡིས་ཁོ་ཚོ་ཕྱིར་ཧོ་ལནྜའི་མི་ལག་ཏུ་སྤྲོད་རྒྱུ་རེད་འདོད་དེ། དབྱིན་ཇིའི་དཔུང་དམག་ལ་འཐབ་འཛིང་བྱས་ཤིང་། འཇར་པན་གྱི་བཙོན་པ་མང་པོ་ཕ་ཡུལ་ལ་མ་སྐྱེལ་བའི་སྔུན་ནས་བསད་པ་མ་ཟད། སྤྱི་མཐུན་རྒྱལ་ཁབ་གསར་པ་ལ་ཁ་གཏད་གཅོག་སྲིད་པའི་གྲངས་ཉུང་མི་རིགས་ཁག་གི་མི་རྣམས་གསོད་པའི་འགོ་བརྩམས། ཡོ་རོབ་པ་དང་ཧིན་ཉི་ཡོ་རོབ་པ་མང་པོ་བསད་ཅིང་། རྒྱ་ནག་གི་ཚོང་པ་མང་པོ་གྲངས་ཉུང་མི་རིགས་ཚོ་ཁག་གཞན་རྣམས་བསད་པའམ། ཡང་ན་ཁོ་ཚོའི་ཁྱིམ་ཚང་མེད་པར་བཏང་། ཇ་བ་ནང་དུ་ཁྱིམ་མེད་པའི་མི་སྟོང་ཕྲག་མང་པོ་ཡོད།

སྤྱི་ལོ༡༩༤༦ལོར།ཧོ་ལནྜའི་མི་རྣམས་ཕྱིར་སླེབས་པ་དང་། སྤྱི་ལོ༡༩༤༧ལོར་དབྱིན་ཇི་ཕྱིར་ལོག་སྐབས་ཧིན་ཉི་ནང་ཧོ་ལནྜའི་དམག་མི༥༥༠༠༠ཡོད་པ་རེད། ཧོ་ལནྜ་མི་ཡི་གཡོ་འགུལ་དེ་ལ་དྲག་པོ་བཀོལ་སྤྱོད(Operatie Product" or "Politionele Acties)ཅེས་བརྗོད། ཧིན་ཉི་ཡི་སྤྱི་མཐུན་རིང་ལུགས་པས་སྤྱི་ལོ༡༩༤༩བར་དུ་ཧོ་ལནྜ་མི་རྣམས་དང་དམག་འཐབ་བྱས་མོད། འོན་ཀྱང་། ཁོ་ཚོར་སྒྲིག་འཛུགས་ཧ་ཅང་ཞན་པ་མ་ཟད་ཕན་ཚུན་ནང་ཁུལ་དུ་འཁྲུག་རྩོད་ཡང་ཡང་བྱུང་། ཧོ་ལནྜ་མི་ཡིས་སྤྱི་མཐུན་རིང་ལུགས་པའི་འཐབ་མོ་བ་རྣམས་བཙན་གྱིས་ས་ཁུལ་མི་འདྲ་བ་ཁག་ནས་ཕྱིར་བསྐྲད་པའི་སྐབས་སུ། ཁོ་ཚོའི་དཔུང་དམག་ཇེ་མང་དུ་གྱུར་བ་དང་མཐའ་མར་ཧོ་ལནྜའི་དཔུང་དམག༡༠༠༠༠༠ལ་བུད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཧོ་ལནྜ་མི་ལ་ཧིན་ཉི་ནང་དམག་འཐབ་བྱེད་པ་མཚམས་འཇོག་དགོས་པར་བཤད་ཀྱང་། ཧོ་ལནྜ་མི་ཡིས་ཁས་ལེན་མ་བྱས། ཨ་རིས་ཧོ་ལནྜ་དང་ཧིན་ཉི་ཡི་སྣེ་ཁྲིད་རྣམ་པ་ཐུག་འཕྲད་བྱེད་པའི་གོ་སྒྲིག་བགྱིས་པ་དང་། སྤྱི་ལོ༡༩༤༩ལོའི་ཟླ༡༡ནང་། ཧོ་ལནྜ་མི་ཡིས་གཞི་ནས་ཧིན་ཉིའི་རང་བཙན་ངོས་འཛིན་བྱས། སྒྲིག་འཛུགས་ཡག་པོ་མེད་པ་དང་ཕན་ཚུན་ནང་ཁུལ་ལ་འཁྲུག་རྩོད་བྱུང་བའི་རྐྱེན་གྱིས། ཧིན་ཉི་ནང་ཞི་བདེ་འབྱུང་རྒྱུ་དང་དཔལ་འབྱོར་ཡར་རྒྱས་སུ་འགྲོ་བར་དུས་ཡུན་རིང་པོ་འགོར། ཧིན་ཉི་ཡི་འཐབ་མོ་བ༤༥༠༠༠ནས༡༠༠༠༠༠གི་ཚེ་སྲོག་ཤོར་ཡོད་པ་མ་ཟད། མི་སེར(དམག་མི་མིན་པའི་མི)དང་ཧིན་ཉི་ཡི་མི། ཡོ་རོབ་པ། རྒྱ་མི་བཅས་ཁྱོན་ཕལ་ཆེར་མི༢༠༠༠༠༠ཀྱི་ཚེ་སྲོག་ཀྱང་ཤོར་ཡོད་འདུག

ཧིན་ཉི་ཡི་མངའ་སྡེ་ཁག རྩོམ་སྒྲིག

ཧིན་ཉི་ལ་མངའ་སྡེ༣༤ཡོད་པ་དང་། དེ་ལས་མངའ་སྡེ་ལྔ་ལ་དམིགས་བསལ་གྱི་གོ་བབས་ཡོད་པ་རེད། མངའ་སྡེ་རེ་རེར་སོ་སོའི་ཁྲིམས་བཟོ་ལྷན་ཚོགས་དང་མངའ་སྡེའི་སྲིད་སྐྱོང་ཡོད། མངའ་སྡེ་རྣམས་རྒྱལ་ཚབ་ཀྱི་སྲིད་དབང་དུས་ཡུན་དང་གྲོང་ཁྱེར་ཁག་ཏུ་ཕྱེ་ཡོད་པ་དང་། དེ་རྣམས་ད་དུང་རྫོང་ཁོངས་དང་དེ་ནས་གྲོང་གསེབ་ཁག་ཏུ་ཕྱེ་ཡོད།

མི་དམངས་དང་རིག་གཞུང་། རྩོམ་སྒྲིག

ཧིན་ཉི་ནང་རིག་གཞུང་མི་འདྲ་བའི་ཚོ་ཁག་མང་པོའི་མི་

  1. ''''་གནས་སྡོད་བྱེད་ཀྱིན་ཡོད་ལ། ཁྱོན་མི་རིགས་བྱེ་བྲག་པའི་ཚོ་ཁག༧༠༠ལྷག་ཡོད། འདི་ལ་རྒྱ་གར་མི་དང་རྒྱ་ནག་མི་དམངས། ཨ་རབ་མི། མ་ལེ་མི། ཡོ་རོབ་པ་བཅས་ཀྱིས་ཤུགས་རྐྱེན་སྤྲད་ཡོད་པ་རེད། ཧིན་ཉི་རྒྱལ་ཁབ་ཀྱི་མཚོན་རྟགས་འདབ་ཆགས་ནི་ཇ་བན་ཧོག་གླག་ཡིན།

པར་རིས་བར་འཁྱམས། རྩོམ་སྒྲིག