ཨེ་ཊི་པི་འདུས་རྡུལ།
ཨེ་ཊི་པི་འདུས་རྡུལ་འམ་ཨེ་ཌི་ནོ་སིན་ཊི་ར་་ཡི་ཕོ་སི་ཕེཊ་འདུས་རྡུལ་ (ཨིན་སྐད་: Adenosine triphosphate) ―― ཨེ་ཌི་ནོ་སིན་དང་ཕོ་སི་ཕེཊ་ཚན་པ་གསུམ་གྱིས་གྲུབ་པའི་སྐྱེ་ལྡན་གྱི་འདུས་རྫས་ཤིག འདི་ཡིས་ནུས་སྒྱུར་གྱི་རྒྱུད་རིམ་གང་མང་ཞིག་ལ་ནུས་པ་མཁོ་སྤྲོད་བྱེད། ནུས་སྒྱུར་གྱི་སྐབས་སུ་ཆུའི་སེལ་སྦྱོར་ལ་བརྟེན་ནས་ཨེ་ཊི་པི་དེ་ཨེ་ཌི་པི་རུ་ཆ་གསེས་གཏོང་སྐབས་ནུས་པ་གློད་འདོན་བྱེད། [༡]
འདྲ་པར།
རྩོམ་སྒྲིགདཔྱད་གཞིའི་དཀར་ཆག
རྩོམ་སྒྲིག- ↑ 《དབྱིན་བོད་ཤན་སྦྱར་གྱི་དེང་རབས་ཚན་རིག་ཚིག་མཛོད་རིག་གནས་གསར་པའི་འཇུག་སྒོ།》 ༢༠༢༠ལོ།