ཨོ་མན་སུལ་ཏན་རྒྱལ་ཁབ་ནི་ཨ་རབ་ཕྱེད་གླིང་གི་ཤར་ལྷོའི་མཚོ་ངོགས་སུ་ཡོད་པའི་ཨེ་ཤ་ཡའི་ལྷོ་ནུབ་ཁུལ་གྱི་རྒྱལ་ཁབ་ཅིག་ཡིན། དེ་ཡི་ནུབ་བྱང་ས་མཚམས་སུ་ཨ་རབ་དང་ནུབ་ཕྱོགས་སུ་ས་དི་ཨ་རབ། ལྷོ་ནུབ་ཏུ་ཡེ་མན་ཡོད་པ་དང་། ཤར་ནུབ་དུ་ཕ་ཀི་སི་ཐན་དང་ལྷན་དུ་མཚོ་ཐོག་ས་མཚམས་ཀྱང་འདྲེས་ཡོད། ལྷོ་ཕྱོགས་དང་ཤར་ཕྱོགས་སུ་ཨ་རབ་རྒྱ་མཚོའི་མཚོ་འགྲམ་ཆགས་ཡོད་པ་དང་། བྱང་ཤར་དུ་ཨོ་མན་མཚོ་ཁུག་ཡོད།

ཨོ་མན།
དར་ཆ། རྒྱལ་རྟགས།
རྒྱལ་ཁབ་ཀྱི་སྐད་ཡིག
ས་ཁུལ་རིམ་པའི་སྐད་ཡིག།
་ཨ་རབ་སྐད་ཡིག་
དབྱིན་ཡིག་དང་བྷ་ལུ་ཆོ་སྐད་ཡིག ཡུར་ཌོ་སྐད་ཡིག རྒྱ་གར་སྐད་ཡིག་
རྒྱལ་ས། མ་སི་ཁད (Muscat)
སྲིད་གཞུང་། སུལ་ཏན་ཁཱ་བྷུ་སིའི་སྲིད་དབང་།


མིང་འབྱུང་ཚུལ།

རྩོམ་སྒྲིག

ལོ་རྒྱུས།

རྩོམ་སྒྲིག

སྤྱི་ལོ༡༩༧༠ལོར་སུལ་ཏན་ཁཱ་བྷུ་སིའི་ཡབ་གོ་གནས་ལས་ཕབ་པའི་རྗེས་སུ། ཁོ་ཡིས་རྒྱལ་ཁབ་ཀྱི་སྒོ་མོ་ཕྱེ་སྟེ་དཔལ་འབྱོར་བཅོས་སྒྱུར་གྱི་འགོ་བཙུགས་པ་དང་། དེང་རབས་ཅན་དུ་བསྒྱུར་བའི་སྲིད་ཇུས་ལག་བསྟར་བྱས་ཤིང་། འཕྲོད་བསྟེན་དང་ཤེས་ཡོན། བདེ་དོན་གྱི་ཐད་དུ་འགྲོ་སོང་སྔར་ལས་མང་བ་བཏང་། དེ་བཞིན་དུ། སྤྱི་ལོ༡༩༧༠ལོར། རྒྱལ་ཁབ་ཀྱི་ཚོང་ལས་དང་འཕེལ་རྒྱས་ཀྱི་རྩིག་རྨང་ལྟ་བུའི་བྲན་གཡོག་ལམ་ལུགས་ཀྱང་མེད་པར་བཟོས།

མཐའ་མར་ཆབ་སྲིད་བཅོས་སྒྱུར་དག་ཀྱང་མཚམས་སྦྱོར་བྱས། ལོ་རྒྱུས་རང་བཞིན་གྱི་སྒང་ནས། འོས་བླུག་མཁན་རྣམས་ཚོ་པའི་དབུ་ཁྲིད་དང་ཤེས་ཡོན་ཅན་གྱི་སྡེ། ཚོང་ལས་མི་སྣའི་ཁྲོད་ནས་བདམ་པ་ཡིན། སྤྱི་ལོ༡༩༩༧ལོར། སུལ་ཏན་ཁཱ་བྷུ་སིས་བུད་མེད་རྣམས་ཀྱིས་ཨོ་མན་གྱི་གྲོས་ཚོགས་འོག་མ་ལ་འོས་འཕེན་ཆོག་པ་དང་དེའི་ནང་མཉམ་ཞུགས་བྱེད་ཆོག་པའི་བཀའ་ཁྱབ་བཏང་། བུད་མེད་གཉིས་དུས་ཐོག་ཏུ་ལྷན་ཁང་ཆེད་འོས་འདེམ་བྱས་ཡོད།


སྤྱི་ལོ༢༠༠༢ལོར། འོས་ཤོག་ཐོབ་ཐང་རྒྱ་བསྐྱེད་དེ་ལོ༢༡ཡན་གྱི་མི་སེར་ཚང་མས་འོས་འཕེན་ཆོག་པར་བྱས་པ་དང་། སྤྱི་ལོ༢༠༠༣ལོར་སྒྲིག་ཁྲིམས་གསར་བའི་འོག་གྲོས་ཚོགས་འོག་མའི་འོས་བསྡུ་ཐོག་མ་སྤེལ། སྤྱི་ལོ༢༠༠༤ལོར། སུལ་ཏན་གྱིས་ཨོ་མན་གྱི་ཆེས་ཐོག་མའི་བུད་མེད་བློན་ཆེན་བསྐོ་བཞག་གནང་། འགྱུར་བ་འགའ་ཤས་བཏང་ན་ཡང་། སྲིད་གཞུང་གི་གཞི་རྩའི་གྲུབ་ཆ་ལ་འགྱུར་བ་ཅུང་ཙམ་ལས་ཕྱིན་མེད་དེ། སུལ་ཏན་གྱི་བཀའ་རྒྱ་ཡིས་མུ་མཐུད་དུ་དབང་སྒྱུར། སྤྱི་ལོ༢༠༠༥ལོར་དོགས་ཡོད་ཀྱི་ཁ་ཆེ་པ༡༠༠ཙམ་འཇུ་བཟུང་བྱས་པ་དང་། དེའི་ཁྲོད་ཀྱི་མི༡༣གྱིས་སྲིད་གཞུང་མགོ་རྟིང་སློག་རྩིས་བྱས་པའི་ནག་ཉེས་ར་སྤྲོད་བྱུང་། མཐའ་མར། ལོ་དེའི་ཟླ་བ་དྲུག་པའི་ནང་ཁོ་ཚོར་བཟོད་ཡང་བཏང་།

ཨ་རབ་གྱེན་ལངས་ཀྱིས་སྐུལ་མ་ཐེབས་ཏེ། སྤྱི་ལོ༢༠༡༡ལོའི་ཟླ་འགོ་རུ་ཨོ་མན་ནང་དུའང་ངོ་རྒོལ་བྱུང་། ཡིན་ནའང་། ཁྲོམ་སྐོར་བྱེད་མཁན་རྣམས་ཀྱིས་སྲིད་ལུགས་མེད་པར་བཟོ་དགོས་ཟེར་བ་མ་ཡིན་པར། ཆབ་སྲིད་བཅོས་སྒྱུར་དང་ཆ་རྐྱེན་ཇེ་བཟང་། ལས་ཀ་ཇེ་མང་དུ་གཏོང་དགོས་པའི་དགོས་མཁོ་བཏོན། སུལ་ཏན་གྱིས་ལས་ཀ་དང་ཁེ་ཕན་སྤྲོད་པའི་དམ་བཅས་ཏེ་ཡ་ལན་སྦྱིན། སྤྱི་ལོ༢༠༡༡ལོའི་ཟླ༡༠ནང། གྲོས་ཚོགས་འོག་མ་ལ་འོས་བསྡུ་སྤེལ་བ་དང་སུལ་ཏན་གྱིས་ལྷན་ཁང་དེའི་དབང་ཆ་ཁོ་ལས་ཆེ་བ་ཡོད་པ་ཁས་བླངས། ཡིན་ཡང་། ལོ་རྗེས་མར་སྲིད་གཞུང་གིས་དྲ་རྒྱའི་སྐྱོན་བརྗོད་ལ་བཙན་གྱིས་དམ་བསྒྲགས་བྱེད་འགོ་ཚུགས།

ཨོ་མན་གྱི་ས་བབས་ཆགས་སྟངས་ནི་འཕྲེད་ཐིག༡༦◦Nདང༢༨◦Nཀྱི་བར་དང་། གཞུང་ཐིག་ནར་མ༥༢◦Eདང༦༠◦Eཡི་བར་དུ་ཡོད། ཨོ་མན་གྱི་དབུས་སུ་བྱེ་ཐང་གི་བདེ་ཐང་གིས་ཁེབས་ཡོད་ལ། དེའི་བྱང་ཕྱོགས་དང་ཤར་ལྷོའི་མཚོ་ངོགས་སུ་རི་རྒྱུད་མང་པོ་ཡོད། ཤར་ལྷོའི་མཚོ་ངོགས་སུ་ཨོ་མན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གཙོ་བོ་ཁག་ཆགས་ཡོད་དེ། བྱང་ཕྱོགས་སུ་རྒྱལ་ས་མ་སི་ཁད་དང་སོ་ཧར་གྲོང་ཁྱེར་ཡོད་ལ། ལྷོ་ཕྱོགས་སུ་སཱ་ལ་ལ་གྲོང་ཁྱེར་ཡོད། ཨོ་མན་གྱི་གནམ་གཤིས་ལ་མཚོན་ན། ནང་ལོགས་ཀྱི་སྐམ་སའི་སར་སྐམ་པོ་དང་ཚ་པོ་ཡིན་ལ། མཚོ་ངོགས་སུ་རླན་གཤེར་ཆེ། དེང་སྐབས་ཀྱི་མཚོ་ངོགས་ཐིག་མཚམས་ལས་རིང་དུ་གྱེས་པའི་བྱེ་ཐང་ཁུལ་དུ་འགྱུར་རྡོ་རུ་གྱུར་ཟིན་པའི་ཕྱི་སྐོགས་གང་མང་ཞིག་ཡོད་པས། བསྐལ་བ་ཡ་ཐོག་གི་དུས་སུ། ཨོ་མན་གྱི་ས་ཆ་དེ་རྒྱ་མཚོ་ཡིས་ཁེབས་ཡོད་པར་བདེན་དཔང་བྱས་ཡོད།

དཔལ་འབྱོར།

རྩོམ་སྒྲིག

ཨོ་མན་ནི་རྣམ་པ་གཅིག་འདུས་ཅན་དང་རྒྱལ་པོ་སྲིད་དབང་འཁྲུལ་མེད་ཅིག་ཡིན་ཏེ། དེའི་ཁོངས་སུ་ཁྲིམས་བཟོ་ལྷན་ཁང་དང་འཛིན་སྐྱོང་ལྷན་ཁང་། ཁྲིམས་འཛིན་ལྷན་ཁང་བཅས་ཀྱི་དབང་ཆ་ཡོད་ཚད་མཐར་གཏུགས་རྒྱུད་འཛིན་པ་སུལ་ཏན་གྱི་ལག་ཏུ་ཡོད། ཨ་རིའི་གཞུང་འབྲེལ་མི་ཡིན་པའི་སྒྲིག་འཛུགས་དེ་རང་དབང་ལྷན་ཁང་གིས་རྒྱལ་ཁབ་འདི་རང་དབང་མིན་པར་འགྲེལ་བརྗོད་བྱས་ཡོད།

སུལ་ཏན་ཁཱ་བྷུ་སི་ནི་རྒྱལ་ཁབ་ཀྱི་འགོ་གཙོ་ཡིན་ལ། ཐད་ཀར་ཕྱི་སྲིད་དང་འགོག་སྲུང་ལས་བགོས་སྟངས་འཛིན་ཡང་བྱས་ཡོད། སུལ་ཏན་ལ་དབང་ཆ་ཆ་ཚང་ཡོད་པ་དང་བཀའ་ཁྱབ་ཀྱི་སྒང་ནས་ཁྲིམས་ལུགས་བཟོ་ཆོག དབུས་ཤར་ཀྱི་ཁོངས་སུ་ཁོ་ནི་དབང་སྒྱུར་པ་དུས་ཡུན་རིང་ཤོས་དེ་ཡིན།


མི་འབོར།

རྩོམ་སྒྲིག

སྤྱི་ལོ༢༠༡༤ལོར་ཨོ་མན་ལ་མི་འབོར་ས་ཡ༤ལྷག་ཡོད་པ་དང་། དེའི་ཁྲོད་ཀྱི་ས་ཡ༢.༢༣ནི་ཨོ་མན་གྱི་རིགས་རྒྱུད་ཡིན་པ་དང་། ས་ཡ༡.༧༦ཡུལ་བྱོལ་པ་ཡིན། ཨོ་མན་གྱི་མི་འབོར་ལོ་ན་ཧ་ཅང་གཞོན་པའི་གྲས་ཡིན་ཏེ། གནས་སྡོད་པའི་བརྒྱ་ཆ༤༣ལྷག་ན་ཚོད༡༥ཡི་འོག་ཏུ་ཡོད། མི་འབོར་སྤྱིིའི་བརྒྱ་ཆ༥༠ཙམ་རྒྱལ་ས་མ་སི་ཁད་དང་རྒྱལ་སའི་ནུབ་བྱང་ཁུལ་གྱི་བྷ་དི་ནཱ་མཚོ་ངོགས་ཀྱི་བདེ་ཐང་དུ་འཚོ་སྡོད་བྱེད་ཀྱིན་ཡོད། ཨོ་མན་མི་རྒྱུད་ཀྱི་འབྱུང་ཁུངས་གཙོ་བོ་ནི་ཨ་རབ་དང་བྷ་ལུ་ཆོ་དང་ཧྤེ་གླིང་བཅས་ཀྱི་རིགས་རྒྱུད་ཡིན། ཨོ་མན་གྱི་སྤྱི་ཚོགས་གཙོ་བོ་ཚོ་པའི་རུ་སྡེ་ཡིན་ལ། རྣམ་པ་གཙོ་བོ་གསུམ་འདུས་ཡོད་པ་ནི། ཚོ་པ་དང་ཨེ་བྷ་ཌི་ཆོས་ལུགས་ཀྱི་དད་ལྡན་པ། རྒྱ་མཚོའི་འདབས་འབྲེལ་གྱི་ཚོང་ལས་སྡེ་ཁག་བཅས་ཡིན། དང་པོ་གཉིས་ནི་སྲོལ་རྒྱུན་དང་འབྲེལ་བ་དམ་པོ་ཡོད་པ་དང་། དམིགས་བསལ་གྱིས་རྒྱལ་ཁབ་ནང་ལོགས་ཀྱི་སྐམ་སའི་སར་ཁྱབ་གདལ་ཆེ་ལ། དུས་ཡུན་རིང་པོ་ཞིག་ལ་ལོགས་སུ་གནས་ཡོད། གསུམ་པ་ཕལ་ཆེ་བ་རྒྱལ་ས་མ་སི་ཁད་དང་ཨོ་མན་གྱི་མཚོ་ངོགས་ས་ཁུལ་ཁག་གི་ཁོངས་སུ་གཏོགས། དུས་རྒྱུན་རིགས་གསུམ་པ་འདི་གུ་ཡངས་པོ་དང་བཟོད་སྒོམ་ཆེ་བ་ཡོད།

ཆོས་ལུགས།

རྩོམ་སྒྲིག

ཁ་ཆེ་པ་བརྒྱ་ཆ༨༥.༩ (གཞུང་འབྲེལ་ཆོས་ལུགས་ནི་ཨེ་བྷ་ཌི་དང་སུ་ནཱི་དང་ཞི་ཡ་ཆོས་རྒྱུད་བཅས་ཡིན་ཡང་ཨེ་བྷ་ཌི་མང་ཤོས་ཡོད་པ་དང་གཞན་གཉིས་ཉུང་ངུ་ལས་མེད།) དང་ཡི་ཤུའི་ཆོས་པ་བརྒྱ་ཆ༦.༥དང་། ནང་པ་བརྒྱ་ཆ༥.༥དང་འཇིའུ་ཆོས་པ་བརྒྱ་ཆ༠.༡དང་། ཆོས་ལུགས་གཞན་བརྒྱ་ཆ༡དང་ཆོས་ལུགས་མེད་པ་བརྒྱ་ཆ༠.༢ཡིན།

ཨོ་མན་གྱི་གཞུང་འབྲེལ་སྐད་ཡིག་ནི་ཨ་རབ་སྐད་ཡིག་ཡིན་པ་དང་། སྐད་ཡིག་དེ་ཨ་ཧྥི་རོ་ཞི་ཡའི་སྐད་ཡིག་ཁྱིམ་རྒྱུད་ཀྱི་ཤེ་མའི་ཡན་ལག་གི་ཁོངས་སུ་གཏོགས། ཁ་ཆེའི་ཆོས་ལུགས་མ་དར་བའི་སྔོན་དུ། དབུས་ཨོ་མན་ཨ་རབ་སྐད་ཡིག་གཙོ་བོ་བཀོལ་བའི་ས་ཁུལ་གྱི་ཁོངས་སུ་མེད། ཕྱིས་སུ་ཨ་རབ་སྐད་ཡིག་གཙོ་བོ་བཀོལ་བའི་ཁོངས་སུ་ཆགས་པ་རེད།

ཨ་རིའི་དབུས་གསང་བའི་ལས་ཁུངས་ལྟར་ན། ཨ་རབ་སྐད་ཡིག་གི་ཚུན་ཆད་ནས། ཨོ་མན་ནང་དབྱིན་ཡིག་དང་བྷ་ལུ་ཆོ་སྐད་ཡིག ཡུར་ཌོ་སྐད་ཡིག རྒྱ་གར་སྐད་ཡིག་འདྲ་མིན་བཅས་གཙོ་བོར་བཀོལ་གྱིན་ཡོད། ཚོང་ལས་ཀྱི་སྡེ་རུ་དབྱིན་ཡིག་སྤྱོད་སྒོ་ཆེན་པོ་ཡོད་པ་དང་། སློབ་གྲྭའི་ནང་དུའང་ཆུང་ཆུང་སྐབས་ནས་དབྱིན་ཡིག་སློབ་ཁྲིད་བྱེད་ལ། ཡུལ་སྐོར་ས་ཆ་ཁག་ཏུ་བརྡ་རྟགས་དང་ཡི་གེ་ཕལ་ཆེ་བ་ཨ་རབ་སྐད་ཡིག་དང་དབྱིན་ཡིག་ནང་བྲིས་ཡོད།


པར་རིས་བར་འཁྱམས།

རྩོམ་སྒྲིག

ཟིན་ཐོ་འམ་དཔྱད་གཞི།

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག།

རྩོམ་སྒྲིག

ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག
"https://bo.wikipedia.org/w/index.php?title=ཨོ་མན།&oldid=135637"ལས་སླར་རྙེད་སོང།