ཨོ་སི་ཁྲི་ལི་ཡའི་བོད་མི

ཨོ་སི་ཁྲི་ལི་ཡར་བོད་མི་གཞིས་སྤོར་བ་ཐོག་མ་ཕྱི་ལོ ༡༩༧༢ལོར་སླེབས་ཡོད། ཁོང་གི་མཚན་ལ་རྣམ་རྒྱལ་ཚེ་རིང་འབོད་ཅིང་། ཁོང་གི་ཡབ་ནི་བོད་ཀྱི་དེང་རབས་ལོ་རྒྱུས་སྟེང་བཟང་བཤད་ངན་བཤད་སྐྱ་འཐབ་པའི་མི་སྣ་སྐད་གྲགས་ཅན་ཨ་ལོ་ཆོས་མཛད་ལགས་རེད། དེ་ནས་རིམ་པས་མི་གྲངས་བཅུ་སྐོར་གཅིག་ལྷག་ཡོད་པའི་བོད་མིའི་ཚོགས་སྡེ་ཆུང་ཆུང་ཞིག་གྲོང་ཁྱེར་སིའི་ནེའུ་ནང་གཞིས་ཆགས་འདུག

སྐབས་དེ་ཤེད་ནས་ཨོ་སི་ཁྲི་ཡའི་ནང་ཆོས་ཚོགས་གསར་འཛུགས་དང་སློབ་སྦྱོང་དུ་ཡོང་མཁན། མནའ་མའམ་མག་པ་ཡོང་མཁན་ཡང་གང་འཚམས་བྱུང་ཡོད་པའི་ཁར། བོད་མིའི་གྲངས་འབོར་གང་འཚམས་འཕར་འདུག

ཧ་ལམ༡༩༩༧ལོར་རྡ་རམ་སཱ་ལ་ནས་གཞུང་འབྲེལ་གྱི་ངོ་བོའི་སྟེང་ནས་སྲིད་དོན་བཙོན་ཟུར་མི་གྲངས་བཅུ་ལྷག་གྲོང་ཁྱེར་སིའི་ནེའུ་ནང་གཞིས་ཆགས་ཡོད་ཅིང་། དེ་ལྟར་ལོ་རེར་བཙོན་ཟུར་གཞིས་སྤོར་བ་གང་མང་སླེབས་པས། ཕྱི་ལོ ༢༠༡༤ལོ་བར་ཨོ་སི་ཁྲི་ལི་ཡ་རྒྱལ་ཡོངས་ནང་གནས་སྡོད་བོད་མི་ཆིག་སྟོང་ལྷག་བརྒལ་ཡོད་པར་མ་ཟད། ལོ་རེར་བཙོན་ཟུར་གཞིས་སྤོར་བའི་གྲངས་འབོར་བརྒྱ་ཕྲག་གཉིས་ལ་སྤར་འདུག