འབྲས་སྤུངས་ཁྲི་པ་རྗེ་དཀོན་མཆོག་དཔག་བསམ་མཆོག་

            གི་རྣམ་ཐར་སྙིང་བསྡུས།

རབ་བརྟན་རྒྱ་མཚོའི་ཐུཊ་རྒྱུད་དཀར་པོའི་སྟེང་།། གཞན་ཕན་ལྷག་བསམ་འོད་ཀྱིས་ཁྱབ་བྱས་ཏེ།། རང་གཞན་དོན་གཉིས་རྫོཊ་པའི་དམ་པ་ཁྱོད།། གནས་ལུཊ་བདེན་པར་སྨྲ་བའི་དབང་ཕྱུག་ལཊ

དད་པས་བསྟོད་ཚེ་དགའ་བར་མི་ཚོར་ཞིང་།། ངན་པས་སྨོད་ཚེ་སྡུག་གིས་མི་མནར་བར།། དགའ་སྡུག་མཐའ་དང་བྲལ་བའི་དམ་པ་ཁྱོད།། ཆོས་བརྒྱད་དགྲ་ཚོཊ་བཅོམ་པའི་དཔའ་བོ་ལཊ།།

དཀའ་བའི་དུས་སུ་དཀའ་སྡུག་བཟོད་ཐུབ་ཅིང་།། སྐྱིད་པའི་དུས་སུ་སྐྱིད་ཉལ་མི་བགྱིས་བར།། དཀའ་སྐྱིད་མཐའ་ལ་མི་ལྷུང་དམ་པ་ཁྱོད།། ལས་ཀྱིས་མཛད་རྗེས་མང་བའི་སྐྱེས་བུ་ལགས།།

ཡོད་ཀྱང་འདོད་པས་ད་དུང་མི་བཙལ་ཞིང་།། མེད་ཀྱང་སྡུག་གིས་ནམ་ཡང་མི་ཚོར་བར།། འདོད་པའི་མཐའ་ལ་མི་ལྷུང་དམ་པ་ཁྱོད།། རྐང་གཉིས་ཀུན་གྱི་ཆོག་ཤེས་རྒྱལ་པོ་ལགས།།

མིང་གི་ཆེད་དུ་བྱ་བ་མི་བརྩམས་་ཤིང་།། གོ་སའི་ཆེད་དུ་འཐབ་རྩོད་མི་བགྱིས་པར།། ཡོད་ཚད་ཚུལ་དང་མཐུན་པའི་དམ་པ་ཁྱོད།། གྲཊ་སྐམ་འདོད་པའི་དངོས་ཀྱི་གཉེན་པོ་ལཊ།།

ཞེས་བསྟོད་པའི་ཚིག་གི་ཕྲེང་བས་་སྔུན་བསུས་ཏེ་འབྲས་སྤུངས་ཁྲི་པ་རྗེ་དཀོན་མཆོག་དཔག་བསམ་མཆོག་ནི། ཕྱི་ལོ་ ༡༩༢༩ ལོར།བོད་ཤར་རྒྱུད་སྨར་ཁམས་བྱང་དམར་གྲོང་ཚེར་སྒེག་སྟེང་ཞེས་པའི་ཁྱིམ་དུ་ཡབ་འོད་ཟེར་དང་། ཡུམ་སྒྲོལ་མ་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། སྐུ་གཞོན་དུས་ནས་གདན་ས་ཆེན་མོར་སྒྲིག་ཞུགས་གནང་སྟེ། ཚུལ་ཁང་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཏྲེ་ཧོར་རྒན་བསོད་ནམས་མགོན་པོ། ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ། མཁན་ཟུར་རིན་པོ་ཆེ་རྒན་ཡེ་ཤེས་ཐུབ་སོགས་མཁས་གྲུབ་དུ་མའི་ཞབས་རྡུལ་སྤྱི་བོར་བླངས་ཏེ། བསྡུས་གཞུང་ནས་བཟུང་གཞུང་ཆེན་ཁག་ལ་རིམ་གྱིས་བསླབས་ཏེ་སྐབས་གཉིས་པ་དང་། སེམས་བསྐྱེད། དབུ་མ་ཚད་འགོག་བཅས་ཚོགས་ལངས་དང་རྒྱུན་དུ་ཆོས་རར་ལུང་རིགས་ཀྱིས་མཁས་རྒུ་དགྱེས་པའི་མཆོད་སྤྲིན་བལྟབས་པ་ལ་བརྟེན་ནས་རྒྱལ་རོང་མཁན་ཟུར་རིན་པོ་ཆེ་སོགས་མཁས་པ་མང་པོའི་དྲུང་ནས་བྱ་དགའ་ཡང་ཐོབ་མྱོང་།

ཕྱི་ལོ་ ༡༩༦༥ལོར། རང་ཡུལ་དམར་པོ་རིང་ལུགས་ཀྱིས་བཙན་འཕྲོག་བྱེད་པའི་རྐྱེན་གྱིས་བཙན་བྱོལ་དུ་བོད་ཀྱི་རིག་གནས་འཆི་གསོན་ལ་ཐུབ་པའི་དུས་སྐབས་སུ་རྒྱལ་བ་ཡིད་བཞིན་ནོར་བུའིབཀའ་དགོངས་ལྟར་དགེ་རྒན་འོས་སྦྱོང་དུ་ཕེབས་ཏེ་སློབ་གཉེར་ལེགས་སོན་གྱིས་གཏན་སློབ་ཁག་ཏུ་མི་ལོ་ཉི་ཤུ་རྩ་གཅིག་ལྷག་སློབ་ཁྲིད་བྱས་པས་གསུང་ལས་སྐྱེས་པའི་སློབ་མའི་ཁྲོད་ནས་བཀའ་བློན་དང་། སྤྱི་འཐུས། དྲུང་ཆེ་སོགས་ལས་སུ་བྱེད་པ་པོ་གསེར་རི་སྒྲིག་པ་ལྟར་དུ་མ་བྱུང་ཞིང་། ཤར་ནུབ་ཀྱི་རྒྱལ་ཁབ་དུ་མའི་ནང་ལ་བོད་ཀྱི་ལས་ཁུང་ཁག་ཏུ་དམ་པ་གང་གི་སློབ་མས་མ་ཁྱབ་པ་མེད་པ་ལྟ་བུར་འགྱུར།

ཕྱི་ལོ་ ༡༩༧༥ ལོར། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཤག་སྐོར་མཁན་རིན་པོ་ཆེ་ཉི་མ་རྒྱལ་མཚན། མཚུངས་མེད་ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ། ཚུལ་ཁང་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ཐུབ་བསྟན་དཔལ་བཟང་པོ་བཅས་ཀྱི་དྲུང་ནས་སློབ་གཉེར་གྱི་འཕྲོ་བསྐྱངས་རྗེས་དགེ་བཤེས་དམ་བཅའ་ལ་ཐུགས་མཉམ་པ་མ་བཞག་པར་གངས་ཅན་བོད་ཀྱི་སོན་རྩ་གཞོན་སྐྱེས་རྣམས་སློབ་ཁྲིད་ཀྱི་ལས་སུ་འཇུག་བཞིན་པའི་མུར་མཁན་རིན་པོ་ཆེ་རྗེ་བཙུན་ཡེ་ཤེས་ཐུབ་བསྟན་མཆོག་དང་མཁན་ཆེན་པདྨ་མ་རྒྱལ་མཚན་རྣམ་གཉིས་ཀྱིས་གྲྭ་སྐོར་མཛད་དགོས་པའི་བཀའ་ནན་ཕེབས་དོན་བཞིན་གདན་གསུམ་མཁས་མང་དབུས་སུ་གཞུང་ལུགས་རབ་འབྱམས་སྨྲ་བའི་དགེ་བཤེས་ཀྱི་དམ་བཅའ་བཞག་ཏེ་ལྷ་རམས་རྩེ་ཕུད་གཉིས་པའི་མཚན་སྙན་བཞེས།

ཕྱི་ལོ་ ༡༩༩༥ ལོར། གོང་ས་མཆོག་གི་བཀའ་བསྒྱུར་ཕྱག་རྟགས་བསྩལ་དོན་བཞིན་མཁས་མང་བློ་གསལ་གླིང་གི་མཁན་ཁྲིར་ཕེབས་ཏེ་སྐྱོར་བརྡ་སྐྱར་གསོ་དང་། དོལ་རྒྱལ་བསྟེན་མཁན་གཙང་སེལ་བཟོས་པ། སྦུག་མཛོད་གསར་འཛུགས། རྒྱུགས་སྤྲོད་ལེགས་བཅོས། བོད་སློབ་འགན་འཛིན་ལ་ཡང་ཡང་བསྐུལ་བས་འཛིན་གྲྭ་ལྔ་པ་མན་ཆད་བོད་སློབ་ཚོགས་པའི་ཁོངས་སུ་བཅུག་པ། རང་ཁོངས་དགེ་འདུན་པ་རྣམས་ལ་ཕྱིའི་ཀུན་སྤྱོད་དང་ནང་གི་བསམ་བློ་ཁྱེར་སྟངས་དུས་ནས་དུས་སུ་ལམ་སྟོན། ཆོས་ར་ནང་དུ་རྩོད་པ་ལ་གཟིགས་རྟོག མདོར་ན་བཤད་སྒྲུབ་ལས་གསུམ་གྱི་སྒོ་ནས་གྲྭ་ཚང་འདིའི་བྱ་བ་མཐའ་དག་ཕུན་ཚོགས་ལེགས་བྱས་ཀྱི་དཔལ་ལ་བཀོད།

ཕྱི་ལོ་ ༡༩༩༨ ལོར། ཨེ་མོ་རིའི་གཙུག་ལག་སློབ་གྲྭ་ཆེན་མོ་དང་བློ་གསལ་གླིང་གྲྭ་ཚང་གཉིས་ཕན་ཚུན་ཟུང་འབྲེལ་གྱིས་སློབ་གཉེར་བ་རྣམས་གནའ་དེང་གི་ཤེས་ཡོན་སྤེལ་རེས་བྱེད་རྒྱུའི་ཆིངས་ཡིག་བཞག་པའི་མཛད་སྒོའི་ཚོགས་མགོན་དུ་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་ཕེབས་རྒྱུའི་གསོལ་འདེབས་ཕུར་ཚུགས་སུ་བཏབ་པས་གདན་དྲངས་ཏེ་རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་དབུ་བཞུགས་ཐོག་དམ་པ་གང་ཉིད་ཀྱིས་་ཆིངས་ཡིག་ལ་མཚན་རྟགས་བཀོད་ནས་བོད་ཀྱི་ཆོས་སྡེ་དང་ཨ་རི་མཐོ་སློབ་བར་ཤེས་ཡོན་སྤེལ་རེས་ཀྱི་ཆིངས་ཡིག་ཐེངས་དང་པོ་ཉིད་དུ་ངེས་པས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་བསྐྲུན།

 ཕྱི་ལོ་ ༡༩༩༩ལོར་

མཁན་ཁྲི་ལས་ཟུར་ནས་ཀྱང་ཚུལ་ཁང་བླ་མ་རིན་པོ་ཆེ་འཇམ་དཔལ་འཕྲིན་ལས་ཡོན་ཏན་རྒྱ་མཚོ་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཏྲེ་ཧོར་རྒན་བསོད་ནམས་མགོན་པོ། ཤར་པ་ཆོས་རྗེ་ཏཱ་ར་རིན་པོ་ཆེ། མཁན་ཟུར་རིན་པོ་ཆེ་རྒན་ཡེ་ཤེས་ཐུབ་སོགས་སྐྱེས་ཆེན་དུ་མ་ལས་མདོ་སྔགས་ཀྱིགསུང་རབ་མང་པོའི་མན་ངག་མནོས་པ་ལས་གཞུང་དོན་ཉམས་ལེན་གྱི་རྣལ་འབྱོར་ལ་བརྩོན་བཞིན་པའི་མུར། འབྲས་སྤུངས་ཁྲི་པ་གོང་མ་རྗེ་བློ་བཟང་བསྟན་པ་དང་། གྲྭ་ཚང་ཤར་ནུབ་གཉིས་ཀྱི་མཁན་རིན་པོ་ཆེ་རྣམ་པ་གཉིས་ཀྱིས་གཙོས་པའི་བླ་སྤྱི་ལྷན་རྒྱས་ཀྱིས་ཡང་ཡང་རེ་བསྐུལ་ཞུས་པ་ལ་བརྟེན་ནས་འབྲས་སྤུངས་ཁྲི་པའི་མཛད་ཁུར་བཞེས་པ་བཅས་སོ། །

                                      བོད་ཀྱི་བྱ་གླག་ནས།

འབྲས་སྤུངས་ཁྲི་པ་རྗེ་དཀོན་མཆོག་དཔག་བསམ་མཆོག་གི་རྣམ་ཐར་སྙིང་བསྡུས། རྩོམ་སྒྲིག

ད་ལྟའི་འབྲས་སྤུངས་ཁྲི་པ་རིན་ཆེའི་ལོ་རྒྱུས་ཡིན། བོད་ཀྱི་བྱ་གླག (talk) ༡༤:༠༧, ༢༣ ཟླ་བཅུ་གཉིས་པ། ༢༠༢༢ (UTC)Reply

Return to "གསར་བྱུང་གི་གནས་ཚུལ།" page.