དམ་ཉམས་ཀྱི་འདྲེ་འགོང་བོ་ཤུགས་ལྡན།

རྩོམ་སྒྲིག

དམ་ཉམས་འགོང་བོ་རྡོ་རྗེ་ཤུགས་ལྡན་ཟེར་བ་དེ་ནི་དོན་དངོས་པོ་གནས་ཚུལ་ལ་དེ་འདྲ་བའི་བསྟན་བསྲུང་ཞིག་མིན་པ་མ་གཏོགས་རྒྱལ་དབང་ལྔ་བ་ཆེན་པོ་གཙོ་བོད་ཡུལ་གྱི་བླ་ཆེན་མང་བོས་བཀག་ཡོད་ལ། རྒྱ་འདྲེ་དང་འགོང་བོ་ཡིན་པར་༸གོང་ས་ལྔ་བ་ཆེན་པོས་ལོང་བསྟན་ཡོད་མོད། ད་སྐབས་ཀྱི་མི་འགའ་ཤས་ཀྱི་བོད་ཡུལ་ནང་རྙོག་གྲ་བཟོ་སྤྱད་རྒྱ་ནག་གི་ལག་ཆ་ཁོ་ནར་གྱུར་ཡོད་པ་མ་ཟད་འདིས་བོད་ཕྱི་ནང་གཉིས་སུ་མི་བདེ་བ་བཟོས་ཡོད་པས་བོད་མི་སྤྱི་བོ་རྣམ་ལྡན་ཀུན་ལ་བསམ་བློ་རེ་གཏོང་ཐུབ་ཚེ་འདི་ཉིད་༸གོང་ས་མཆོག་ལ་དད་པ་ཡོད་མེད་ཅི་ཡང་མིན་པར་རང་ཤུགས་ཀྱིས་མཚམས་འཇོག་དང་རང་གི་ནང་མི་དང་སྤུན་ཟླ་དག་ལ་ཡང་འབྲེལ་བཤད་བྱེད་རྒྱུ་གལ་ཆེན། ༸གོང་ཤ་མཆོག་ནི་ང་ཚོའི་བོད་ཀྱི་དབུ་ཁྲིད་ཡིན་པ་ཙམ་མ་ཡིན་པར་ལྷག་པར་དུ་བོད་ཀྱི་ཉེ་རབས་ལོ་རྒྱུས་ནང་བོད་དོན་ཁྱེར་ནས་འཛམ་གླིང་ལ་གོམ་པ་སྤོ་མཁན་གྱི་མི་སྣ་གཙོ་བོ་ཞིག་ཡིན་པ་ངོས་འཛིན་ཐུབ་རྒྱུ་ནི་ཆོས་དང་དད་པ་ཙམ་མ་ཡིན་པར་ངེས་དགོས་པ་ཞིག་རེད། དེ་འདྲ་ཞིག་ཀྱང་ངོས་འཛིན་མ་བྱས་ཚེ་འཛམ་གླིང་འདིར་མིག་བཙུམ་ནས་སླེབས་ཏེ་བཙུམ་ནས་ཤི་པ་དང་གཉིས་སུ་མེད།

Return to "རྡོ་རྗེ་ཤུགས་ལྡན་" page.