འདིར་བཀོད་པའི་ཆ་འཕྲིན་དག་སྒོ་སྒུལ་googleནང་རྙེད་ཀྱི་མི་འདུག།

རྩོམ་སྒྲིག

ཁོངས་མི་ཡོངས་ལ་ཞུ་རྒྱུར།

རྩོམ་སྒྲིག

ཝེ་ཁེ་རིག་མཛོད་དུ་བཀོད་པའི་ཆ་འཕྲིན་དག་སྒོ་སྒུལ་ནང་རྙེད་ཀྱི་མི་འདུག། འདི་ངས་འགོད་སྟངས་མ་འགྲིག་པ་ཡིན་ནམ་ཡང་ན་གནས་ཚུལ་གཞན་ཞིག་དང་འབྲེལ་བ་ཡོད་པ་རེད། ངས་ད་བར་དུ་བློ་གསལ་འཇུག་ངོགས་དང་དེབ་ཕྱེད་ཀ་ཙམ་དང་། ཆ་འཕྲིན་གཞན་མང་པོ་འཀོད་ཟིན་ན་ཡང་མང་ཆེ་བ་སྒོ་སྒུལ་ནང་དུ་རྙེད་ཀྱིན་མི་འདུག་པས། རང་ཉིད་ཀྱི་དུས་ཚོད་དང་སེམས་ཤུགས་གཉིས་ཀ་ཆུད་ཟོས་སུ་ཤོར་བ་མིན་ནམ་སྙམ་པའི་སེམས་ཁྲལ་ཆེན་པ་འདུག། འགན་ཁུར་བའམ་འདིའི་ཁོངས་མིའམ་གནས་ཚུལ་འདི་ལ་རྒྱུས་ཡོད་མཁན་ཞིག་གིས་ངེས་པར་དུ་ལན་ཞིག་ཡོད་པར་ཞུ་ཞུ།

To Whom It May Concern

རྩོམ་སྒྲིག

I have been around bo.wikipedia for few years. I am very optimistic about bo wikipedia's future to be among the top online dictionary of internet-age. I have been spending a lot of time editing existing entries and adding new ones, I am through more than half of Tibetan Grammar, I haven pick randomly from various books and dictionaries. lately I realized 90% of what I have added cannot find in google search engine,which freaking me out! I am afraid if I just wasting my time and energy for Nothing! please please reply if anyone knows anything about the forementioned issue. you can contact me at tsebho@gmail.com


མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ།

བོན་ཤེས་པ་བཅུ་གཉིས།

རྩོམ་སྒྲིག

བོན་ཤེས་པ་བཅུ་གཉིས་ནི་བོན་དང་རིག་གནས་གཉིས་ཀའི་ཤེས་རིག་ཡོད་པ་ཞིག་ཡིན་ལ། བོད་མི་རྣམས་ཀྱི་འཚོ་བའི་ནང་དུ་ཤུགས་རྐྱེན་ཧ་ཅང་ཆེན་པོ་བྱུང་ཡོད། དང་པོ། མཆོད་ཤེས་ལྷ་བོན་ཞེས་པ་ལྷ་ཡར་གསོལ་བས་མི་ལ་མགོན་བྱེད་ཚུལ་སྟོན་པའི་ཤེས་རིག གཉིས་པ། གཡང་ཤེས་ཕྱྭ་བོན་ཞེས་པ་གཡང་ཚུར་བླངས་པས་ནོར་ཕྱུགས་འཕེལ་བར་སྟོན་པའི་ཤེས་རིག གསུམ་པ། སྒྲོལ་ཤེས་དཔྱད་གཏོང་ཞེས་པ་གླུད་ཕར་བཏང་བས་འདྲེ་ཚིམས་ཏེ་ལོགས་སུ་འགྲོ་བའི་ཚུལ་བཤད་པའི་ཤེས་རིག བཞི་པ། འདུར་ཤེས་སྲིད་གཤེན་ཞེས་པ་ཤི་བའི་བླ་འདུར་བས་བདེ་འགྲོ་ཐོབ་ཚུལ་བཤད་པའི་ཤེས་རིག ལྔ་པ། གཙང་ཤེས་སེལ་འདེབས་ཅེས་པ་གཙང་སྨེ་ཕྱེ་ནས་སྨེ་བཙོག་ཐམས་ཅད་སེལ་བའི་ཐབས་སུ་ཁྲུས་དང་བསངས་ལ་སོགས་པའི་སྒོ་ནས་ལྷ་སྲུང་རྣམས་བསྐངས་ཚུལ་སྟོན་པའི་ཤེས་རིག དྲུག་པ། འགྲོལ་ཤེས་གཏད་བྱད་ཅེས་པ་ཕ་རོལ་དགྲ་ཕྱོགས་ཀྱིས་བཏང་བའི་མཐུ་བྱད་ཀྱི་གཏད་རྒྱ་བྱུང་ན་དེ་དག་དཀྲོལ་ནས་དགྲ་བགེགས་ཀྱི་གནོད་འཚེ་སེལ་བའི་ཚུལ་བཤད་པའི་ཤེས་རིག བདུན་པ། ཕན་ཤེས་སྨན་དཔྱད་ཅེས་པ་འབྱུང་ཁམས་འཁྲུགས་པའི་ནད་རིགས་སེལ་བྱེད་དེ་ཚེ་ཡི་བར་ཆད་བསལ་བའི་ཐབས་བཤད་པའི་ཤེས་རིག བརྒྱད་པ། སྐོར་ཤེས་རྩིས་མཁན་ཞེས་པ་ཕྱི་ནང་གི་དངོས་པོའི་ཁམས་ལ་དཔྱད་ནས་སྔ་ཕྱིའི་ལྟས་བཟུང་བའི་རིག་པ། དགུ་པ། སྨྲ་ཤེས་གཏོ་དགུ་ཞེས་པ་ཁམས་སའི་གླུད་བསྔོས་པས་འདྲེ་ལ་ཤགས་འདེབས་པའི་ཤེས་རིག བཅུ་པ། ལྡིང་ཤེས་ཤ་བ་ཞེས་པ་བག་ཕྱེ་ཡིས་ཤ་བ་བཅོས་ནས་བཏང་བ་ཙམ་གྱིས་ཡུལ་དུ་འཕུར་ཚུལ་བཤད་པའི་ལག་རྩལ་གྱི་ཤེས་རིག བཅུ་གཅིག་པ། འཕུར་ཤེས་ཇུ་ཐིག་ཅེས་པ་མོ་ལྷ་བདར་ཏེ་ཐབས་ཤེས་མི་འདྲ་བ་སྣ་ཚོགས་ཀྱི་རྟེན་འབྲེལ་ལ་བརྟགས་ནས་ལེགས་ཉེས་ཀྱི་ཚུལ་བཤད་པའི་ཤེས་རིག བཅུ་གཉིས་པ། སྒྲོལ་ཤེས་འཕྲུལ་བོན་ཞེས་པ་རྩི་ཤིང་བན་བུན་བསྔོས་པས་ལྷ་འདྲེའི་གནོད་པ་ལས་སྒྲོལ་བར་བྱེད་པའི་ཤེས་རིག་བཅས་སོ། །

Return to the project page "Community Portal".