ཀ་བ་དང་གཞུ་ཞེས་པའི་ཚིག་སྡུད། དེ་ཡང་ཀ་བའི་སྟེང་དུ་བྲེ་གདན། དེའི་སྟེང་དུ་བྲེ། དེའི་སྟེང་དུ་གཞུ་ཡོད་པ་བོད་ཀྱི་འཛུགས་སྐྲུན་ཁྱད་ཆོས་ཡིན་པ་དང་། ལྷས་གཙུག་ལག་ཁང་གི་ཁྱམས་ར་ནང་མའི་ཀ་བ་ཕུར་པའི་གཟུགས་ཀྱི་སྟེང་དུ་བྲེ་གདན་པད་གཟུགས་ཅན་ཟླུམ་པོ། དེའི་སྟེང་དུ་བྲེ་གྲུ་བཞི་པ། དེའི་སྟེང་དུ་གཞུ་བཅསབརྩེགས་ནས་ཡོད། ཀྲུང་གོའི་འཛུགས་སྐྲུན་བཟོ་ལས་དཔེ་སྐྲུན་ཁང་ནས་དཔར་སྐྲུན་བྱས་པའི《བོད་ཀྱི་གནའ་རབས་འཛུགས་སྐྲུན》ཞེས་པའི་བརྙན་དཔར་གྱི་ཤོག་གྲངས༥༡པར་གཟིགས་ན་ཀ་བ་དང་གཞུའི་དབྱིབས་རྣམས་རྒྱ་གརདང་བལ་ཡུལ་གྱི་ལྷ་ཁང་གི་ཀ་གཞུ་དང་གཅིག་མཚུངས་སུ་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

"https://bo.wikipedia.org/w/index.php?title=ཀ་གཞུ་&oldid=82561"ལས་སླར་རྙེད་སོང།