གར་གྱི་གནས་ཆེན་ཞིག་སྟེ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་པརྦ་ཏི་ཕུར་ནས་གྷ་ཧ་ཌ་བར་རེལ་ལི་དང་དེ་ནས་མལ་ལེ་བཅུ་བདུན་སོང་བ་ན་ཤར་རྩྭ་མཆོག་གྲོང(མ་ཧཱ་མུ་ནི)ཡོད། དེ་ནི་གནས་ཆེན་ཉེར་བཞིའི་ཡ་གྱལ་གྱི་ཀ་མ་རཱུ་པ་ཡིན་འདུག་ཅིང་། སྔོན་མདོ་སྔགས་གཉིས་ཀའི་བསྟན་པ་ཤིན་ཏུ་དར་བའི་གནས་ཡིན་ཞེས་གསུངས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།