ནང་བསྟན་གསུང་རབ་ཀྱི་ཆོས་དཔེ་འཇུག་སྣོད་ཀྱི་མིང་རྙིང་པ་སྟེ། ཡོངས་གྲགས་སུ་ཤོ་ཀ་ལི་ཟེར་བ་དེ་ཡིན། དེའི་སྒྲོམ་སྐྱོར་ནི་སི་དང་སྨྱུག་མ་གང་རིགས་ཁ་གཤགསཏེ་དྲ་མིག་ལྟ་བུར་བཟོས་པའི་བར་སྟོང་རྣམས་ཤོག་བུ་ལུགས་མ་འཐུག་ཚད་སོར་ཕྱེད་ཀ་ཙམ་ཞིག་ཆེ་ཆུང་ཕྱི་སྒྲོམ་དང་མཉམ་པ་བཟོས་པའི་འདུས་མཚམས་ཀྱི་གཟེར་སྡོམས་རྣམས་གླ་པགས་རྒྱུན་བུའམ་ཀོ་བསེའི་རྒྱུན་བུ་གང་རིགས་ཀྱིས་བསྡམས་ཐོགནང་ཤ་གོས་ཆེན་དང་རསགང་རིགས་བཏང་ནས་སྟེང་འོག་སྦྲེལ་མཚམས་ཀྱི་མཐོཚད་སོར་ལྔ་ཡན་བཞག་པར་གོས་ཆེན་དང་རས་སོགས་ཚོས་གཅིག་མ་བྱས་པ་དང་། བསྡོམས་ཐག་ཧྲུག(ཡུན་“ནན་དང་རྒྱལ་ཐང་སོགས་ནས་ཐོན་པའི་ཀོ་བ་ཚོས་གཞིདམར་པོ་ཡིན་པ་ཞིག)སི་ཏཱ་ཧོ་གང་རིགས་ཀྱིས་བསྡམས་ཆོག་པ་ཞིག་སྟེ། བོད་ཀྱི་བླ་ཆེན་ཚོས་བསྣམས་པའི་ཤོཀཱ་ལི་དང་། རྒྱུད་གྲྭ་སྟོད་སྨད་གཉིས་ཀྱི་ཤོ་ཀ་ལི་བཅས་བཟོ་དབྱིབས་དང་། རྒྱུ་ཆའི་སྤྲོས་པ་རྒྱས་བསྡུས་མི་འདྲ་བ་ཡོད་དོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།