ཀ་ར་ལ་སོགས་པའི་མིང་མཐར་ལྡན་

ན་ཐོས་སྡེ་པ་ལ་རྩ་བའི་སྡེ་པ་བཞི་ཡོད་པ་རྣམས་ཐོག་མའི་སློབ་དཔོན་སོ་སོའི་མཚན་མི་འདྲ་བ་དང་མཁན་བརྒྱུད་མི་འདྲ་བ་སོགས་ཀྱི་ཁྱད་པར་ཡོད་པར་བརྟེན། རྒྱ་གར་དུ་དགེ་སློང་གི་སྡོམ་པ་ཞུ་མཁན་རྣམས་ལ་སྡོམ་པ་གནང་མཁན་གྱི་མཁན་སློབ་སོ་སོའི་མཚན་ཟུར་མིང་གི་མཐར་སྦྱར་ནས་འདོགས་པར་མཛད་ཀྱི་ཡོད། མཁན་པོ་དེ་ཕལ་ཆེན་སྡེཔའི་སྡོམ་རྒྱུན་ལས་རབ་བྱུང་གནང་ཡོད་ན། མིང་གི་མཐར་ཀ་ར་ཡོད་པ་དཔེར་ན་ཇོ་བོ་ཆེན་པོ་དཔལ་ལྡན་ཨ་ཏི་ཤ་ནི་ཕལ་ཆེན་སྡེ་པ་ལས་རབ་བྱུང་མཛད་པ་ཡིན་པས་མཚན་གྱི་མཐར་དི་པམ་ཀ་ར་ཞེས་ཡོད་པ་ལྟ་བུ་དང་། གནས་བརྟན་སྡེ་པ་ལས་རབ་ཏུ་བྱུང་བ་ཡིན་ན་མིང་ཟུར་དུ་སྐྱོང་བའི་མིང་ཟུར་ཡོད་པ་དང་། ཡང་མང་བཀུར་སྡེ་པ་ལས་རབ་ཏུ་བྱུང་བ་ཡིན་ན། གུཔྟ་སྟེ་སྦས་པ་ཞེས་པའི་མིང་ཟུར་ཡོད་པ་དང་། ཐམས་ཅད་ཡོད་པར་སྨྲ་བ་ལས་རབ་ཏུ་བྱུང་བ་ཡིན་ན་མིང་ཟུར་དུ་དཔལ་དང་། བཟང་དང་། སྲུང་བ་ཞེས་པའི་མིང་མཐའ་ཡོད་པ་བཅས་ཡིན་ཅིང་། བོད་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་བཀའབཅད་གནང་བ་ལྟར་སད་མི་བདུན་རབ་བྱུང་གནང་བའི་མཚན་ཟུར་དུ་མཁན་པོ་ཞི་བ་འཚོའི་མཚན་མཐར་རཀྴིཏ་ཡོད་པ་དང་མཐུན་པར་སད་མི་བདུན་ཀའི་མཚན་གྱིམཐར་རཀྴིཏ་ཞེས་མིང་འདོགས་མཛད་པ་ལྟ་བུ་ཡིན་ནོ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།