འདིར་རཱ་མ་ཎ་ཡི་རྟོགས་བརྗོད་ཀྱི་དཔེ་བྲིས་མ་དང་། དཔར་མ་ཚང་མར་ཀ་ལིངྐཞེསགསལ་ཡང་དེ་ལྟར་ན་ཚིག་འགྲེལ་དཀའ་བར་འདུག་ཅིང་། ཁོ་བོའི་བསམ་པར་《མངོན་བརྗོད་མཁས་པའི་རྣ་རྒྱན》བྲིས་མའི་སྒྲ་གཅིག་དོན་མང་གི་སྐབས་སུ། སྤྲིན་ཚོགས་ཨུ་མཱ་ཀ་ལི་ཀཞེས་ཀ་ལི་ཀཱསྤྲིན་ཚོགས་དང་ཨུ་མཱ་གཉིས་ཀར་འཇུག་པར་བཤད་པར་ལྟར། སྐབས་འདིར་ཀ་ལི་ཀ་ཞེས་པ་ནག་མོའི་དོན་དང་། ལྷ་མོ་ཨུ་མཱའི་མིང་གི་གོང་འཕྲོས། མངོན་བརྗོད་དུ་ནག་མོ་ཞེས་པའི་རྣམགྲངས་ཀྱང་དགེ་ཡེ་བ་ཚུལ་ཁྲིམས་སེང་གེའི《མངོན་བརྗོད་སྣ་ཚོགས་གསལ་བ》ལས་གསུངས་པ་བཅས་དེས་ན་ནག་མོའི་བདག་པོ་སྟེ་ཨུ་མཱའི་བདག་པོ་ལྷ་དབང་ཕྱུག་ཉིད་ལ་གོ་རྒྱུ་བྱས་ཚེ་ཚིག་སྔ་ཕྱི་འབྲེལ་ཆགས་པར་སེམས། འོན་ཀྱང་མཁྱེན་ལྡན་རྣམས་ནས་དཔྱད་པར་ཞུ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།