ཀ་ཤིའི་གུར་ཁང་
(ཀ་ཤི་ཀའི་གུར་ཁང)ཀ་ཤིའི་ཡུལ་ནས་ཐོན་པའི་རས་ལས་འཚེམ་བཟོ་བྱས་པའི་གུར་ཞེས་པའི་དོན། བོད་ས་གནས་སུ་གུར་ཆེ་ཆུང་སྣ་ཚོགས་བཟོ་བའི་ལམ་ལུགས་ནི་སྔར་བཙན་པོའི་དུས་རབས་སྐབས་ནས་དར་སྲོལ་ཆེ་ཞིང་། གུར་ཆེ་བའི་ནང་མི་བརྒྱ་ཕྲག་ཁ་ཤས་ཤོང་བ་ནས་ཆུང་བ་ལ་མི་གསུམ་བཞི་ཤོང་བའི་བར་ཡོད། གྱི་དབྱིབས་ལ་ལྡིང་གུར་རྟ་གཟུགས་མ་དང་། ལྕོགགུར། དམག་གུར། སྦྲ་གུར་བཅས་རིགས་མི་འདྲ་བ་ཡོད། ལྡིང་གུར་རྟ་གཟུགས་མ་ནི་གུར་གྱི་སྟོད་ཆ་རྒྱ་ཕིབས་དང་འདྲ་བར་ངོས་གཉིས་གྲུ་བཞི་དང་། ལོགས་གཉིས་གྲུ་གསུམ་ཡིན་ཅིང་། གཤམ་ཆ་གྲུ་བཞིར་བྱས་པའི་མདོ་སྦུག་གཉིས་དང་། མདོ་ལ་ཡོལ་སྒོར། གུར་གྱི་སྟེང་དུ་ཆར་ཁེབས། འགོ་སྣམ་དང་རས་ཚོས་སོགས་ཀྱི་བབས་ལྷེ་རྒྱན། སྤྲོས་རྒྱས་བསྡུས་སྣ་ཚོཀས་བྱས་པ་ཞིག་ཡིན། ལྕོག་གུར་ནི་གུར་གྱི་དབྱིབས་བང་སོ་ཟླུམ་པོའི་དབྱིབས་ལྟ་བུ། ནང་གི། དཀྱིལ་དུ་ཀ་བ་གཅིག་ལས་མེད་པ་དང་། འགའ་ཞིག་ནང་། དུ་ཤིང་དྲ་བ་བསྣོལ་མ་བསྒྲིགས་པའི་གུར་སྒྲོམ་ལ་ཕྱི་ནས་རས་དང་ཕྱིང་པའི་གུར་གཡོགས་རྒྱུ་ཡོད་པ་དེ་རིགས་ལ་། ཟེར། དམག་གུར་གྱི་ངོས་གཉིས་གྲུ་བཞི་དང་ལོགས་གཉིས་གྲུ་གསུམ། ནང་དུ་ཀ་བ་ཡས་མས་གཉིས་དང་། སྟེང་དུ་གུར་གདུང་བཅས་སྟོད་སྨད་སྒྲིགས་བཤིག་བྱེད་རྒྱུཡོད་པ་དེ་རིགས་དམག་དཔུང་དང་། འགྲུལ་པ་ཕྱོགས་ཐོན་སྐབས་འཁྱེར་སྟབས་བདེ་བ་ཞིག་ཡིན། སྦྲ་གུར་ནིའབྲོག་ཁུལ་དུ་སྡོད་པའི་འབྲོག་པ་རྣམས་ཀྱིས་རྒྱུ་རྩིད་པལས་འཐགས་པའི་སྦྲ་ལས་བཟོས་པའི་གུར་ཞིག་སྟེ། དབྱར་དུས་ཆར་པ་དང་དགུན་དུས་ཁ་རླུང་འགོག་ཐུབ་ཅིང་། ཚ་བ་ཆེ་སྐབས་བསིལ་བ་བཅས་ཀྱི་ཁྱད་ཆོས་ཡོད། པ་ཞིག་ཡིན།
༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།