ལྷ་ས་གྲོང་ཁྱེར་གྱི་ནུབ་ངོས་སུ་ཡོད་པའི་དམར་པོ་རི་དང་ལྕགས་པོ་རི་གཉིས་སྔོན་དུས་རི་སྣ་གཉིས་སྦྲེལ་ནས་ཡོད་པ་ལ་རྒྱ་བཟའ་ཅིན་ཁྲེན་ཀོང་ཇོ་ལ་བཙན་པོ་ཁྲི་སྲོང་ལྡེ་བཙན་འཁྲུངས་རྗེས། ཡབ་ཁྲི་ལྡེ་གཙུག་བརྟན་གྱི་བཙུན་མོ་ཆེ་བ་སྣ་ནམ་བཟའ་བཞི་སྟེངས་ཀྱིས་ཕྲོགས་པར་བརྟེན་རྒྱ་བཟའ་ཅིན་ཁྲེན་ཀོང་ཇོ་མ་དགའ་བའི་དབང་གིས་བྱ་ཐབས་གཞན་མ་རྙེད་པར་ལྷ་ས་དང་ཡར་ལུང་ཁུལ་དུ་ཡོད་པའི་བོད་ཀྱི་ས་དཔྱད་བཟང་པོ་མི་ཉུང་བ་ཞིག་གཏོར་བཤིག་བཏང་བའི་ནང་ནས་བོད་ལ་ནང་འཁྲུགས་རྒྱུན་མི་ཆད་པ་ཡོང་བའི་ཕྱིར་དུ་ལྷ་སའི་དམར་པོ༌རི་དངལྕགས་པོ་རི་གཉིས་ཀྱི་རི་སྣ་སྦྲེལ་བ་དང་། ལྕགས༌པོ་རི་དང་བར་མ་རིའི་མཇུག་མ་སྦྲེལ་བ་བཅད། རྗེས་སུ་སྲས་ཁྲི་སྲོང་ལྡེ་བཙན་རང་ཉིད་ལ་ཐོབ་རྗེས་དེ་སྔོན་གཏོར༌བཤིག་བཏང་བའི་ས་དཔྱད་ཁག་གཅིག་ཉམས་གསོ་བྱས། དེ་སྐབས་དམར་ལྕགས་ཀྱི་རི་གཉིས་སྣ་སྦྲེལ་ཆེད་རི་སྣ་ཕན་ཚུནགཉིས་ཀྱི་སྟེང་དུ་མཆོད་རྟེན་རེ་དང་། བར་དུ་ཀཀྞིའི་མཆོད་རྟེན་བརྩིགས་པ་ཡིན་ཞེས་ལོ་རྒྱུས་མང་པོར་གསལ་༌བ་དོན་དངོས་དང་མཐུན་པ་ཨེ་ཡིན་སྙམ་པས་དཔྱད་པརཞུའོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།