སྔར་ལྷ་ས་གྲོང་ཁྱེར་ནས་རྟ་པའི་ཉིན་ལམ་ཕྱེད་དང་གཉིས་འདས་པའི་ས་དབུས་སྟོད་འཆུམ་མདའ་ཁུལ་དུ༌བཀའ་གདམས་པའི་དགེ་བཤེས་བྱ་ཡུལ་བའི་སློབ་མ་ཁྲོམ་གཞེར་བ་རིན་ཆེན་སེང་གེའི(རབ་བྱུང་གསུམ་པའི་ཆུ་ལུག༡༡༦༣ལོ་ནས་རབ་བྱུང་བཞི་པའི་ལྕགས་འབྲུག༡༢༢༠ལོ)སྐུ་རྟེན་སྔགས་པ་ཡིན་པ་ཞིག་གིས་བཏབ་པའི་དགོན་རྙིང་ཞིག་ཡིན་ཅིང་། རྗེ་ཙོང་ཁ་པ་རིན་པོའི་འཕྲིན༌ལས་དབུས་སྟོད་ཁུལ་དུ་ཁྱབ་རྗེས་དགེ་དགོན་དུ་གྱུར། མཁན་པོ་ནི་དབུས་སྟོད་བྲག་དབར་གྲྭ་ཚང་དང་གཅིག་ལྕོགས་ཡིན་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཆོའི་སྐབས་གྲྭ་པ་ཨང་གཉིས་པའི་གྲས་ཉི་ཤུ་རྩ་གསུམ་ཡོད་པ། སྔགས་ཆོག་རྣམས་རྒྱུད་སྟོད་པ་དང་ཕྱོགས་འདྲ། མཚན་ཉིད་ཀྱི་སློབ་གཉེར་དགའ་ལྡན་ཤར་རྩེ་དང་། འབྲས་སྤུངས་བློ་གསལ་གླིང་། སེ་ར་བྱེས། བྲག་དབར་དགོན་པ་བཅས་སུ་འགྲོ་ཞེས《བེ་སེར》ལས་བཤད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

"https://bo.wikipedia.org/w/index.php?title=ཀམ་ཀམ་&oldid=83507"ལས་སླར་རྙེད་སོང།