བོད་ཡིག་གི་ལོ་རྒྱུས་ཡིག་ཆ་མང་ཆེ་བར་ཀམ་པོ་ཛ་ཞེས་གསལ་ཞིང་། དེ་ནི་རྒྱ་ཡིག་གི་ལོ་རྒྱུས་ཡིག་ཆ་རྙིང་པའི་ནང་ཧྥུ་ནན་ཀྲེན་ལཱ(扶南真腊)ཟེར་ཞིང་དེང་སང་ཀམ་པོ་ཙེ་ཟེར་བའི་སྒྲ་ཟུར་ཆག་ནས་ཅན་ཕུའུ་ཀྲེ་ཟེར་བ་དེ་ཡིན། ཨེ་ཤི་ཡཱ་ཤར་ལྷོའི་དཀྱིལ་རྒྱུད་དུ་གནས། སྔོན་དུས་རྒྱལ་ས་དབྱི་ཀྲེ་ན་ལ་བཙུགས་ཀྱང་ཐང་རྒྱལ་རབས་ཀྱི་དུས་རྒྱལ་ས་ཨུ་ཀོ་ལ་སྤོས། ཏཱ་མིང་རྒྱལ་རབས་ཀྱི་སྐབས་རྒྱལ་ཁབ་ཀྱི་མིང་ཀམ་པོ་ཙེ་ཞེས་པར་མིང་བསྒྱུར་བྱས་པ་བཅས་ལོ་རྒྱུས་ཡུན་རིང་ཡོད་པའི་རྒྱལ་ཁབ་ཞིག་ཡིན་ནོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།