ཀརྨ་པ་བྱང་ཆུབ་རྡོ་རྗེ་

(ཀརྨ་པ་སྐུ་ཕྲེང་བཅུ་གཉིས་པ)མདོ་ཁམས་སྡེ་དགེའི་མངའ་ཁོངས་དབོན་སྟོད་དཀྱིལ་ལེ༌ཞེས་པ་སྔོན་དུས་ཀརྨ་པཀྴིའི་དབོན་རྒྱུད་དུ་རབ་བྱུང་བཅུ༌གཉིས་པའི་ཆུ་ལུག(༡༧༠༣)ལོར་སྐུ་འཁྲུངས་ནས་རབ་བྱུང་དེ་གའི་ཆུ་བྱི(༡༧༣༢)ལོ་བར་དགུང་ལོ་སུམ་ཅུ་སོ༌གཅིག་བཞུགས། ཞྭ་དམར་སྐུ་ཕྲེང་བརྒྱད་པ་ཉིད་རྩ་བའི༌བླ་མར་བསྟེན། ལྷན་རྒྱས་དང་སི་ཏུ་རིན་པོ་ཆེ་བཅས་བལ༌ཡུལ་དུ་ཕེབས་ཏེ་གནས་རྟེན་ཁག་ལ་མཆོད་འབུལ་གནས་གཟིགས་གནང་། མན་ཆིང་གོང་མ་ཡུང་ཊིང(雍正)Jགིས་པེ་ཅིན་དུ་གདན་དྲངས་པ་ལྟར་ཕེབས་ཀྱང་ལམ་བར་དུ་དགོངས་པ་གཞན་དོན་དུ་གཤེགས། རྣམ་ཐར་ཞིབ་པ་བདག་གིས་མ་མཇལ་ལགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

ཀརྨ་པ་བྱང་ཆུབ་རྡོ་རྗེ་