(ཀུན་ཅང་ཧུར)《མཁས་པའི་དགའ་སྟོན》ལྕགས་དཔར་མའི་ཤོག་གྲངས༡༣༩༨ཐོག་ཀུན་ཅང་jཧུ་ཞེས་གསལ་བ་སྒྲ་མི་འདྲ་བ་ཙམ་ལས་དོན་གཅིག་ཡིན། Jཐང་རྒྱལ་རབས་ཀྱི་སྐབས་སུ་རྒྱལ་ས་ཁྲང་ཨན་གྱི་མིང་གཞན་ཅིང་ཁྲང་ཧྥུ(京城府)ཞེས་འབོད་པ་དེ་རྒྱ་ཡིག་། ནས་ཡུ་གུར་གྱི་སྐད་དུ་བསྒྱུར་ཞིང་། དེ་ནས་བོད་སྐད་དུ་jབསྒྱུར་སྐབས་ཀྱིན་ཆང་དང་ཀིང་ཅང་། ཀིན་ཅང་ཞེས་སྒྲ་nམི་འདྲ་བར་འགྱུར་བ་ཡིན། ཐང་རྒྱལ་རབས་ཀྱི་སྐབས་སུ་རྒྱལ་ས་ཁྲང་ཨན་གྱི་མིང་ལ་ཅིང་ཁྲང་འེས་འབོད་ཅིང་། དེ་ནི་ཧྥུ་རིམ་པའི་སྲིད་ཀཞུང་གནས་ཡུལ་ཡིན། 《རྒྱ་ཡིག་ཚིག་མཛོད་ཆེན་མོ》ཤོག་གྲངས༣༥༠ཐོག“ཅིང་ཁྲང”(京城)ཞེས་པའི་འགྲེལ་བཤད་ལས་ཐང་རྒྱལ་རབས་ཀྱི་ཐེནཔའོ་ལོ་དང་པོ(天宝元ནྡུ)ཐང་རྒྱལ་རབས་ཀྱི་གོང་མཞོན་ཙུང་གིས་སྲིད་དབང་བཟུང་བའི་ཁྲི་ལོ་དང་པོ(༧༤༢)ཕན་ཆད་རྒྱལ་ས་ཁྲང་ཨན་གྱི་མིང་ལ་ཅིང་ཁྲང་ཞེས་འབོད་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།