ཀིརྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་
ཨ་རིག་གི་ཡུལ་དུ་ཡབ་ཡོན་ཏན་དབང་ཕྱུག་དང་ཡུམ་སྐྱིད་མོ་ཡག་གཉིས་ཀྱི་སྲས་སུ་རབ་བྱུང་དགུ་པའི་ཤིང་བྱི(༡༥༦༤)ལོར་འཁྲུངས། 《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་འདིའི་དགུང་རྙིང་ས་ཁྱི་ལོ་ཡིན་པར་བཤད་སློབདཔོན་རྡོ་རྗེ་གྲགས་པ་དང་ཞབས་དྲུང་བསྟན་པ་གྲགས་པསོགས་ཀྱི་དྲུང་དུ་རབ་བྱུང་གི་སྡོམ་པ་བཞེས། མཚན་ལབསྟན་པ་རབ་རྒྱས་ཞེས་གསོལ། དགུང་ལོ་ཉེར་བདུན་པརབ་བྱུང་བཅུ་པའི་ལྕགས་སྟག(༡༥༩༠)ལོར་དབུས་གཙང་དུ་ཕེབས། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེ་དངམཇལ་ཞིང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པབཞེས། པཎ་ཆེན་དེ་ཉིད་དང་། རྒྱལ་དབང་སྐུ་ཕྲེང་ལྔ་པ་རིན་པོ་ཆེ། ས་སྐྱ་བདག་ཆེན་རིན་པོ་ཆེ་སོགས་བླ་མ་མངཔོ་བསྟེན་ནས་མདོ་སྔགས་ཀྱི་ཆོས་མང་པོ་གསན། དགུངལོ་སོ་དགུ་པ་ལ་རང་ཡུལ་དུ་བྱོན། མཁའ་འགྲོ་ཕུག་རིང་དང་རྒན་རྒྱའི་གཉའ་གོང་བྲག་དཀར་གྱི་གནས་སྒོ་ཕྱེ། རི་བོ་རྩེ་ལྔ་དང་ལོའུ་ཀྱ་ཏུན་སོགས་གནས་ཆེན་གྲགས་པ་ཅན་མང་པོར་བྱོན་ནས་སྒོམ་སྒྲུབ་མཛད། མིང་རྒྱལ་རབས་ཀྱིགོང་མ་ཁྲུང་ཀྲེང་གིས་པེ་ཅིན་དུ་གདན་དྲངས་པ་ལྟརཕེབས་ནས་ཟླ་བ་གཅིག་དང་ཞག་ལྔ་བཞུགས། གོང་མསབླ་མ་འདི་ཉིད་ལ་ཀྱིན་ཐའི་ཙིན་ཙེ་གེའུ་ཏང་སེ(བླ་མཐུགས་རྗེ་ཆེན་པོ་འགྲན་མེད་སེང་གེ)ཞེས་པའི་ལུང་དངཐམ་ཀ་ཕུལ། གུ་ཤི་ཧན་གྱིས་བོད་ས་གནས་དབང་དུབསྡུས་ནས་དགའ་ལྡན་ཕོ་བྲང་གེ་སྲིད་དབང་བཙུགས་རྗེས་དབུས་སུ་ཕེབས་ནས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་རིན་པོ་ཆེདང་མཇལ་ཏེ་རང་ཡུལ་དུ་ཕེབས་ནས་དགུང་ལོ་བརྒྱད་ཅུབཞེས་པ་རབ་བྱུང་བཅུ་གཅིག་པའི་ཆུ་ལུག(༡༦༤༣)ལོར་སྐུ་གཤེགས། 《སྟོག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》གསར་རྩོམ་ནང་། སྐུ་གཤེགས་པའི་ལོ་ནི༡༦༡༧ལོ་སྟེ་རབ་བྱུང་བཅུ་གཅིག་པའི་མེ་སྦྲུལ(ཏཱ་ལའི་བླ་མ་སྐུ་ཕྲེང་ལྔཔ་སྐུ་འཁྲུངས་པའི་ལོ་དེ་ཡིན)ལོ་ཡིན་པར་བཤད་པ་ནོར་སྐྱོན་བྱུང་འདུགགསུམ་རྩོམ་སྐོར། གོང་གསལ《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》ལས་བླ་མའི་རྣལ་འབྱོར་དང་། གསོལ་འདེབས། གུར་ཞལ་གྱི་གཏོར་ཆོག་སོགས་པོད་དགུ་ཙམ་ཡོད་ཚུལ་འཁོད་འདུག
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།