ཀིརྟི་སྐུ་ཕྲེང་བདུན་པ་ཀུན་ངགའ་ཆོས་འཕགས་ཐུབ་བསྟན་ཉི་མ་
མདོ་སྨད་ཀིརྟི་དགོན་གྱི་ཉེ། འདབས་སུ་ཡབ་མཛོད་དགེ་བཟོད་པ་དང་ཡུམ་བཀྲ་ཤིས། སྐྱིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ། (༡༧༩༧)ལོར་འཁྲུངས། དགུང་ལོ་བདུན་ལ་ཕེབས། སྐབས་གཡེར་གཤོང་དགེ་འདུན་ཟླ་བ་གྲགས་པའི་དྲུང་ནས། རབ་བྱུང་གི་སྡོམ་པ་བཞེས། དགུང་ལོ་བརྒྱད་ལ་རང་། དགོན་གྱི་གདན་སར་བརྐོད་དེ་གཞུང་ཆེན་མོར་སྦྱངས་པ། མཛད། འཇམ་བཞད་འཇིགས་མེད་རྒྱ་མཚོའི་དྲུང་ནས་། མདོ་སྔགས་ཀྱི་ཆོས་མང་དུ་གསན། དགུང་ལོ་བཅུ་གཉིས་། པ་ས་འབྲུག(༡༨༠༨)ལོར་དབུས་གཙང་དུ་ཕེབས་ནས་། རྒྱལ་བ་ཡབ་སྲས་དང་མཇལ། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེངུ། བདུན་པ་བསྟན་པའི་ཉི་མའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ། པ་བཞེས། བཀའ་འགྱུར་བ་དཀོན་མཆོག་དཔལ་འཛིན། ། ཁྲི་ཆེན་བྱང་ཆུབ་ཆོས་འཕེལ། ཁྲི་ཟུར་ངག་དབང་སྙན། གྲགས། ཚ་རྡོར་ཁྲི་ཆེན་འཇམ་དཔལ་ཚུལ་ཁྲིམས་སོགས་ཀྱི། དྲུང་ནས་མདོ་སྔགས་ཀྱི་ཆོས་བཀའ་རྒྱ་ཆེར་གསན། དགུང་། ལོ་ཉི་ཤུ་རྩ་གཉིས་པ་ས་སྟག(༡༨༡༨)ལོར་འབྲས་སྤུངས་བློ། གསལ་གླིང་གི་ཡིག་ཆ་གཙོ་བོར་བཟུང་བའི་མཚན་ཉིད་གྲྭ་། ཚང་གསར་འཛུགས་གནང་། མདོ་སྔགས་ཀྱི་ཆོས་འཆད། ཉན་རྒྱ་ཆེར་གནང་བའི་ཕྱག་རྗེས་སུ་བརྩམས་ཆོས་པོ་ཏི། གཅིག་ནས་བཅུའི་བར་ཡོད་པའི་སློབ་མ་ཉི་ཤུ་ལྷག་ཙམ་ཐོན། ། དགུང་ལོ་ང་གསུམ་བཞེས་པ་རབ་བྱུང་བཅུ་བཞི་པའི་ས་སྤྲེལ(༡༨༤༨)ལོར་སྐུ་གཤེགས། 《སྟག་ཚང་ལྷ་མོ་ཀིརྟིདགོན་གྱི་ལོ་རྒྱུས》གསར་རྩོམ་ནང་སྐུ་གཤེགས་པའི་ལོ་ཆུསྦྲུལ་ཡིན་ཞེས་གསལ་བ་ལྟར་ན༡༽༣༣ལོ་ཡིན་པ་དང་། ཡང༡༨༥༥ལོ་ཡིན་པར་བཤདཔ་ལྟར་ན་རབ་བྱུང་བཅུབཞི་པའི་ཤིང་ཡོས་ཡིན་དགོས་པ་བཅས་ཚིག་སྔ་ཕྱི་མིམཐུན་པའི་སྐྱོན་བྱུང་འདུགསྐུ་གདུང་རིལ་པོར་བཞུགས་ཡོད་པ་དང་། གསུང་རྩོམ་གྱི་སྐོར་མི་ཉུང་བ་ཞིག་ཡོད་ཚོད་འདུག་ཀྱང་དཔྱད་གཞི་གསལ་པོ་ཞིག་མ་རྙེད། རྣམ་ཐརལོ་རྒྱུས《མདོ་སྨད་ཆོས་འབྱུང》ཀན་སུའུ་མི་རིགས་དཔེབསྐྲུན་ཁང་གིས་ལྕགས་དཔར་མ་ཤོག་གྲངས༧༡༩དང《སྟག་ཚང་ལྷ་མོ་ཀིརྟི་དགོན་གྱི་ལོ་རྒྱུས》ཤོག་གྲངས༣༩ནས༤༣བར་བཅས་ལ་གསལ་ལོ། །
༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།