《དཔལ་སྒྱུ་འཕྲུལ་དྲ་བའི་རྒྱུད་སྟོང་ཕྲག་བཅུ་དྲུག་པ》དང་། 《ཀྱེེའི་རྡོ་རྗེའི་རྩ་རྒྱུད་རྒྱས་པ་བརྟག་པ་སུམ་ཅུ་རྩ་གཉིས་པ་ནང་གསེས་བརྟག་པ་བཅུ་གཉིས་པ》《ཀྱེའི་རྡོ་རྗེའི་རྩ་རྒྱུད་བསྡུས་པ་བརྟག་པ་གཉིས་པ》《ནང་གསེས་བརྟག་པ་དང་པོའི་ལེའུ་བཅུ་གཅིག་པ》བཅས་ནས་གསུངས་པའི་དབང་སྡུད་ཀྱི་ལྷ་མོ་ཞིག་སྟེ། འདི་ལ་སྐུའི་རྣམ་འགྱུར་མི་འདྲ་བ་དཀར་མོ་ཞལ་གཅིག་ཕྱག་དྲུག་མ་དང་། དམར་མོ་ཞལ་གཅིག་ཕྱག་བཞི་མ། དམར་མོ་ཞལ་གཅིག་ཕྱག་བརྒྱད་མ། དམར་མོ་ཞལ་གཅིག་ཕྱག་བཞི་མ་གཙོ་འཁོར་གསུམ་པ། དམར་མོ་གསང་སྒྲུབ་མཁའ་འགྲོ་རིགས་བཞིས་བསྐོར་བ། དམར་མོ་ལྷ་མོ་འཁོར་ལྷ་མོ་བཅུ་བཞིས་བསྐོར་བའི་ལྷ་བཅོ་ལྔ་མ་བཅས་ཡོད། དེ་རྣམས་སོ་སོའི་འགྲེལ་བཤད་མདོར་བསྡུས་གཤམ་དུ་གསལ།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།