ཀུ་རུ་ཀུ་ལླེ་དམར་མོ་ཞལ་གཅིག་ཕྱག་བཞི་མ་

《ཀྱེེའི་རྡོ་རྗེའི་རྩ་རྒྱུད་རྒྱས་པ》བརྟགས་པ་སུམ་ཅུ་སོ་གཉིས་པའི་བཅུ་གཉིས་པར་རྒྱས་པར་གསུངས་ཤིང་། དེ་ལས་བསྡུས་པའི་ཚུལ་དུ། 《ཀྱེེའི་རྡོ་རྗེའི་རྩ་རྒྱུད་བརྟག་གཉིས》ཀྱི་བརྟག་པ་དང་པོའི་ལེའུ་བཅུ་གཅིག་པར་གསུངས་པའི་ཀུ་རུ་ཀུ་ལླེ་ཕྱི་སྒྲུབ་ཕྱག་བཞི་མ་སྟེ། འདིའི་སྒྲུབ་ཐབས་ཀྱི་རྒྱ་གཞུང་སློབ་དཔོན་བརྩེ་བ་ཆེན་པོས་ཚིགས་བཅད་དུ་བསྡེབས་པ《སྡེ་དགེ་བསྟན་འགྱུར》སྔགས་ཕྱོགས་པོད[མུ]པའི་ནང་ཡོད།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།