ཀུ་སཱ་ལི་ཆེ་ཆུང་གཉིས་

སློབ་དཔོན་སེང་གེ་བཟང་པོའི་དངོས་སློབ་ཀུ་སཱ་ལི་ཆེ་བ་རིན་ཆེན་བཟང་པོ་དང་། དེའི་སློབ་མ་ཀུ་སཱ་ལི་ཆུང་བ་རིན་ཆེན་སྡེའམ་ཡོངས་གྲགས་སུ་བླ་མ་བྱམས་པའི་རྣལ་འབྱོར་པ་ཞེས་ཞུ་བ། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྩ་བའི་བླ་མའི་གྲས་སུ་བཞུགས་པ་དེ་གཉིས་ཡིན། དེ་གཉིས་ཀའི་རྣམ་ཐར་མདོར་བསྡུས་ཙམ《ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར》ལྕགས་དཔར་མའི་ཤོག་གྲངས༡༠༢ནས༡༠༦བར་གསལ་བ་དེར་གཟིགས།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།