འདི་སེམས་ཙམ་པས་ཁས་ལེན་པའི་ཀུན་གཞིའི་རྣམ་ཤེས་ཞེས་པ་དེ་མིན། འདིར་ཀུན་གཞི་ནི་བཀའ་བརྒྱུད་པ་རྣམས་ཀྱིས། འཁོར་བ་དང་། མྱང་འདས་གཉིས་ཀྱི་གཞི་རྩ་སེམས་གསལ་ཞིང་རིག་པ་དེ་ལ་ཟེར། དེ་ཉིད་དང་པོ་ནས་སངས་རྒྱས་ཀྱི་ངོ་བོར་ཡོད་པ་ལ། དེ་ལྟར་ངོ་མ་ཤེས་ན་འཁོར་བར་འཁྱམས་པ་དང་དེ་ལྟར་རྟོགས་ན་སངས་རྒྱས་རང་ངོ་འཕྲོད་པ་ཡིན་པས། སེམས་འཁོར་འདས་ཀུན་གྱི་གཞི་མ་དེ་སངས་རྒྱས་སུ་ཁས་ལེན་ཞིང་དགེ་ལུགས་པས་དེ་ལྟར་ཁས་མི་ལེན་ནོ། །
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།