༡་ཉོན་མོངས་པའི་ཀུན་ཉོན་དང་། ༢་ལས་ཀྱི་ཀུན་ཉོན། ༣་སྐྱེ་བའི་ཀུན་ཉོན་བཅས་ཡིན། ཉོན་མོངས་དུག་གསུམ་གང་རུང་གི་རྒྱུ་བྱས་ནས་ལས་གསོག་པར་བྱེད་ཅིང་། ལས་དེའི་དབང་གིས་འགྲོ་བ་རིགས་དྲུག་ཏུ་རང་དབང་མེད་པར་སྐྱེ་བ་ལེན་དགོས་པ་་ཡིན་པས་གསུམ་པོ་དེ་འཁོར་བའི་སྡུག་བསྔལ་མྱོང་བར་བྱེད་པའི་རྒྱུ་དང་། རྐྱེན། འབྲས་བུ་གསུམ་གྱི་ཐད་ནས་འབྲེལ་བ་དམ་པོ་ཡོད་པས་ཀུན་ནས་ཉོན་མོངས་པ་ཞེས་བརྗོད་པ་ཡིན།
དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།