ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་སྒྲྲོན་མེ་

(ཁལ་ཁ་སྐུ་ཕྲེང་གཉིས་པ)ཁལ་ཁའི་ཡུལ་དུ་ཡབ་དར་ཧན་ཆིན་ཝང་དང་ཧཱ་ཐོན་ཆ་གན་ཏཱ་ར་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ཤིང་འབྲུག(༡༧༢༤)ལོར་སྐུ་འཁྲུངས། དགུང་ལོ་དྲུག་ལ་ཕེབས་པ་ས་བྱ(༡༧༢༩)ལོར་གདན་སའི་ཁྲི་ལ་བཀོད། ཡོངས་འཛིན་གྱི་དྲུང་ནས་རིག་གནས་དང་མདོ་སྔགས་ཀྱི་ཆོས་རྒྱུན་མང་པོ་གསན། དགུང་ལོ་བཅུ་བཞི་པ་མེ་སྦྲུལ(༡༧༣༧)ལོར་པེ་ཅིན་དུ་ཕེབས་ནས་གོང་མ་ཆེན་ལུང་དང་མཇལ་ཞིང་གོང་མ་དང་ལྷན་དུ་ཁྲི་གཅིག་གི་སྟེང་ལྷན་བཞུགས་གནང་འཇུག་པ་སོགས་བཀུར་བཟོས་ཆེ་འིང་གོང་མའི་མགུལ་ཕྲེང་སོགས་ལེགས་འབུལ་རྒྱ་ཆེར་གནང༌། དེ་ནས་རང་ཡུལ་དུ་ཕྱིར་ཕེབས་མཛད། མཚན་ཉིད་དང༌། རྒྱུད་པ། སྨན་པ་བཅས་གྲྭ་ཚང་གསུམ་ཡོད་པའི་དགོན་ཆེན་བསྟན་པ་དར་རྒྱས་གླིང་ཕྱག་བཏབ། དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་གསུམ་པའི་མེ་གླང་(༡༧༥༧)ལོར་དགོངས་པ་རྫོགས། ལོ་རྒྱུས་མདོར་བསྡུས་ཀྲུང་གོ་ནང་བསྟན་སློབ་གླིང་གི་སློབ་དེབ་བཅོ་བརྒྱད་པའི་གྲངས༩༩༨ནས༡༩༩༩བར་གསལ།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།