༡ ཕྱི་ནང་གི་ཁྱད་ཆོས་གང་རུང་ཞིག་ལ་དམིགས་ནས་སེམས་ཁེངས་པའི་རྣམ་པ་ཅན་གྱི་སེམས་བྱུང་། དེ་ལ་དབྱེ་ན་རྣམ་པར་འགྱུར་ཅན་གྱི་ང་རྒྱལ་སྙིང་སྟོབས་ཅན་གྱི་ང་རྒྱལ། མུན་པ་ཅན་གྱི་ང་རྒྱལ་དང་གསུམ་མོ། ། ༢ རང་གི་བསྒོམ་རྒྱུའི་ལྷ་དེ་རང་ཡིན་སྙམ་དུ་བསམས་ནས་སྒོམ་པ་ལ་ང་རྒྱལ་དུ་མིང་བཏགས་པ་ཡོད།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།