ཉི་ཧོང་།

ཉི་ཧོང ནས་ཁ་ཕྱོགས་བསྐྱར་དུ་བཟོས་པ།

日本国
ཉི་ཧོང་རྒྱལ་ཁབ།
ཉི་ཧོང་ཀྱི་དར་ཆ། Coat of arms of Japan
(ཉི་ཧོང་ཀྱི་རྒྱལ་དར།) (ཉི་ཧོང་ཀྱི་རྒྱལ་རྟགས།)
རྒྱལ་ཁབ་ཀྱི་སྐད་ཡིག ཉི་ཧོང་སྐད།
རྒྱལ་ས། ཏུང་ཅིན།
གོང་མ། ཎ་རུ་ཧི་ཏོ།
སྲིད་བློན། ཤིན་ཛོ་ཨ་བེ།
སའི་རྒྱ་ཁྱོན་།
 - རྒྱ་ཁྱོན་ཧྲིལ་པོ་།
 - མཚོ་ཐོག་རྒྱ་ཁྱོན་གི་བརྒྱ་ཆ།
377,944 km²
0,8%
མི་འབོར།
 - མི་འབོར་ཧྲིལ་པོ། (༢༠༡༠)
 - མི་འབོར་མཐུག་ཚད་།
128,056,026
 337.1/km²
དངུལ་ལོར། ཡེན། ཉི་ཧོང་གི་དོང་ཙེ། (JPY)
དུས་ཚིགས་ས་ཁུལ། UTC +9
རྒྱལ་གླུ། 君が代
ཏར་ཡིག་ཨང་རྟགས། 81

ཉི་ཧོང་ངམ་ཉི་འོང་ཉི་ཧོང་སྐད་དུ།: 日本国༽ནི་ཨེ་ཤེ་ཡ་ཡི་རྒྱལ་ཁབ་ཞིག་རེད། དེའི་རྒྱལ་ས་ནི་ཐོ་ཁུ་ཡོ་རེད། དེའི་ནང་གླིང་ཕྲན་མང་པོ་ཡོད་པ་དང་། དེའི་ཁྲོད་ན་གླིང་ཕྲན་ཆེན་པོ་བཞི་ཡོད། གླིང་ཕྲན་ཆེ་ཤོས་དེ་ནི་འཛམ་གླིང་གི་གླིང་ཕྲན་ཆེ་ཤོས་བདུན་པ་ཡིན། གླིང་ཕྲན་དེ་ལ་ཧོན་ཤུས་ཞེས་བརྗོད། གླིང་ཕྲན་དེ་དག་ནི་ཞི་བདེ་རྒྱ་མཚོའི་ནུབ་ཕྱོགས་ཀྱི་ཤར་ཨེ་ཤེ་ཡའི་མཚོ་ངོགས་སུ་ཆགས་ཡོད།

མིང་ཐོགས་དོན་དང་རྒྱལ་ས།

རྩོམ་སྒྲིག

ཉི་ཧོང་མི་དམངས་ཀྱིས་ཁོ་ཚོའི་རྒྱལ་ཁབ་ལ[1]ནཱེ་ཧོན་ནམ་ནཱེ་ཕོན་ཅེས་འབོད་ཀྱིན་ཡོད། དེ་ནི་ཉི་ཧོང་སྐད་དུ་ཉི་མའི་འབྱུང་ཁུངས་ཞེས་པ་ལ་གོ། ཉི་ཧོང་ནི་རྩ་ཁྲིམས་དང་ལྡན་པའི་དམངས་གཙོའི་གཞུང་ཞིག་ཡིན། དེའི་ལམ་ལུགས་ལ་གྲོས་ཚོགས་ཀྱི་བཀའ་ཤག་ལམ་ལུགས་ཞེས་བརྗོད་ཅིང་། བཀའ་ཤག་གིས་གྲོས་ཚོགས་ཀྱི་བློ་གཏད་ལ་གཞི་བཅོལ་ཏེ་ཆབ་སྲིད་ཀྱི་དབང་ཆ་ལག་བསྟར་བྱེད་ཀྱིན་ཡོད། ཉི་ཧོང་ལ་སྲིད་བློན་ཡོད་ལ་རྒྱལ་པོ་དང་རྒྱལ་མོ་ཡང་ཡོད། ཉི་ཧོང་གི་མི་ས་ཡ་བཅུ་གསུམ་ཙམ་ཉི་ཧོང་གི་རྒྱལ་ས་ཏུང་ཅིན་རུ་གནས་སྡོད་བྱེད་ཀྱིན་ཡོད།

ལོ་རྒྱུས།

རྩོམ་སྒྲིག

ཀྲུང་གོའི་ཡིག་ཆ་དག་ལས་ཉི་ཧོང་གི་སྐོར་གྱི་ཆེས་ཐོག་མའི་འགྲེལ་བརྗོད་ཡིག་ཆ་དག་བཏོན་ཡོད་ལ། ཡིག་ཆ་དེ་དག་ལས་གཅིག་གི་ནང་དུ་བཀོད་ཡོད་པ་ལྟར་ན། སྔོན་ཆད་ཉི་ཧོང་དུ་རྒྱལ་ཁབ་ཆུང་ཆུང་མང་པོ་ཡོད་པ་དང་ཕན་ཚུན་ལ་དམག་འཁྲུག་ཀྱང་བརྒྱབ་ཡོད་པ་རེད། ཕྱིས་སུ་རྒྱལ་མོ་ཞིག་གིས་དབང་བསྒྱུར་བའི་རྒྱལ་ཁབ་དེ་སྟོབས་ཤུགས་ཆེས་ཆེ་བར་ཆགས་ཤིང་། དེ་ཡིས་རྒྱལ་ཁབ་གཞན་ཚོ་ཆིག་སྒྲིལ་བཟོས་ཏེ་ཞི་བདེ་བསྐྲུན་ཡོད་པར་བཤད། ཁོ་རེ་ཡ་དང་ཀྲུང་གོ་ནས་ཡོང་བའི་མི་ཚོས་ཉི་ཧོང་ལ་ཀྲུང་གོའི་ཡི་གེ་འབྲི་བའི་ལམ་ལུགས་སྐོར་བསླབས་པས། དུས་རབས༥དང༦པའི་རྗེས་སུ། ཉི་ཧོང་གི་མི་ཚོས་རང་ཉིད་ཀྱི་ལོ་རྒྱུས་འབྲི་བའི་འགོ་བརྩམས། ཉི་ཧོང་གི་ཁྱིམ་མཚེས་རྒྱལ་ཁབ་ཚོས་ཀྱང་ཁོ་ཚོར་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་འཇུག་པའི་སྒོ་བསྟན། ཉི་ཧོང་གི་མི་ཚོས་ཐབས་ལམ་འདྲ་མིན་མང་པོའི་སྒང་ནས་ནང་པ་སངས་རྒྱས་པའི་ཆོས་ལུགས་བརྗེ་བསྒྱུར་བྱས། དཔེར་ན། ཨེ་ཤེ་ཡ་སྐམ་ས་ཆེན་མོ་ནས་མཆེད་པའི[2]རྫན་ཞེས་པའི་བློ་ཡི་སྟེང་ཤུགས་ཆེན་པོས་གོང་འཕེལ་བཏང་བ་ལྟ་བུ།

གནའ་བོའི་དུས་དང་དུས་རབས་དཀྱིལ་མའི་སྐབས་སུ། ཀྲུང་གོས་ཉི་ཧོང་ལ་རིག་གཞུང་གི་བློ་གསར་པ་མང་པོ་བཏོན་ཡོད་ཀྱང་། ཕྱིས་སུ་ཁོང་གཉིས་ཀྱི་མཛའ་འབྲེལ་སྡུག་ཏུ་ཕྱིན། དུས་རབས༡༣པའི་མཇུག་ཏུ་ཀྲུང་གོའི་སོག་པོས་ཉི་ཧོང་ལ་ཐེངས་གཉིས་བཙན་འཛུལ་བྱས་ཀྱང་འབྲས་བུ་ཅི་ཡང་མ་བྱུང་། ཉི་ཧོང་གི་དུས་རབས་དཀྱིལ་མའི[3]དྲག་པོའི་དམག་མི་དང[4]དམག་དཔོན་རྣམས་ནི་ཡོ་རོབ་ཀྱི་དུས་རབས་དཀྱིལ་མའི་དཔའ་རྟུལ་དང་མངའ་བདག་རྣམས་དང་མཚུངས།

དུས་རབས༡༦པའི་ནང་དུ། ཉི་ཧོང་ཡོ་རོབ་པ་རྣམས་དང་འབྲེལ་ལམ་ཅུང་ཙམ་ཡོད། ཕོར་ཐུ་གལ་གྱི་མི་ནི་ཆེས་ཐོག་མར་ཉི་ཧོང་དུ་འགྲོ་མཁན་གྱི་ཡོ་རོབ་པ་ཡིན་ལ། དེ་རྗེས་སི་ཕན་གྱི་མི་དང་དབྱིན་ཇིའི་མི། ཕོ་ལན་མི་ཡང་ཉི་ཧོང་དུ་ཚོང་རྒྱག་པར་སླེབས། ད་དུང་ཁོ་ཚོས་ཡེ་ཤུའི་ཆོས་ལུགས་ཀྱང་ཁྱེར་ཡོང་བ་རེད། དང་ཐོག་ཉི་ཧོང་གི་དབུ་ཁྲིད་ཚོས་ཁོ་ཚོར་དགའ་བསུ་བྱས་མོད། འོན་ཀྱང་།ཡོ་རོབ་པས་འཛམ་གླིང་གི་ས་ཆ་མང་པོར་དབང་སྒྱུར་བྱས་ཡོད་པའི་རྐྱེན་གྱིས་ཉི་ཧོང་ལའང་དབང་སྒྱུར་བྱེད་རྒྱུ་རེད་འདོད་དེ་འཇིགས་སྣང་སྐྱེས། དེར་བརྟེན། ཉི་ཧོང་གི་མི་ཚོས་ནཱ་གྷ་ས་ཁཱེ་གྲོང་ཁྱེར་ནང་གི་ས་ཁུལ་ཆུང་ཆུང་ཞིག་ཏུ་མ་གཏོགས་ཡོ་རོབ་པ་ཡོང་བཅུག་མེད་ཅིང་ཡེ་ཤུའི་ཆོས་ལུགས་པ་མང་པོ་བསད། མཐའ་མར་ཀྲུང་གོའི་མི་དང་ཁོ་རེ་ཡའི་མི། ཕོ་ལན་མི་ཁོ་ན་ཉི་ཧོང་ནང་ཡོང་ཆོག་ཀྱང་ཉི་ཧོང་གཞུང་གིས་ཁོ་ཚོར་སྟངས་འཛིན་གཟབ་ནན་བྱས། ༡༨༥༤ལོར། ཨ་རི་བས་ཉི་ཧོང་གི་གྲུ་གཟིངས་འབབ་ཚིགས་སུ་ཨ་རིའི་ཉ་ཆེན་ཝེལ་རྔོན་གྲུ་བེད་སྤྱོད་བྱེད་དགོས་པས། མཚོ་དམག་རུ་དཔོན་མཱ་ཐེའུ་ཕེ་རེས་ཀྱིས་ཉི་ཧོང་ནང་དུ་འགྲོ་བསྐྱོད་ཆོག་པའི་སྒོ་མོ་སླར་ཡང་ཕྱེས། ཕེ་རེས་ཀྱིས་མེ་མདའ་འཛོམས་པའི་རླུང་ཤུགས་གྲུ་གཟིངས་ཁྱེར་ཡོད་པས་ཉི་ཧོང་པ་ཁོ་དང་མཉམ་དུ་གྲོས་མཐུན་འཇོག་པར་འཇིགས་སྣང་སྐྱེས།

ཡོ་རོབ་མི་དང་ཨ་རིའི་མི་ལ་འབྲེལ་ལམ་གསར་བ་བྱུང་པ་དེས་ཉི་ཧོང་གི་རིག་གཞུང་ལ་འགྱུར་བ་ཐེབས། ༡༨༦༨ལོའི་མེ་ཇི་སླར་གསོ་ཡིས་ལམ་ལུགས་རྙིང་པ་འགའ་ཤས་མཚམས་བཞག་ཅིང་ལམ་ལུགས་གསར་པ་མང་པོ་གསར་དུ་བཟོས། ཉི་ཧོང་གོང་མའི་རྒྱལ་ཁབ་བཙུགས་ཤིང་དེ་སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཏེ་ཁྱིམ་མཚེས་རྒྱལ་ཁབ་ཚོར་བཙན་འཛུལ་བྱེད་འགོ་བརྩམས། ཟླ་སྒྲིལ་གཏོང་པའི་རོས་ཁོས་རྒྱལ་བོའི་རྒྱལ་ཁབ་དང་། ཐེ་ཝན། ཁོ་རེ་ཡ་བཅས་ལ་བཙན་འཛུལ་བྱས་ཤིང་ཀྲུང་གོ་དང་ཨུ་རུ་སུ་ལ་དམག་འཁྲུག་བརྒྱབ། ཉི་ཧོང་དེ་འཇར་མན་ནཱ་རྫེ་དང་ཕ་ཤིའི་རིང་ལུགས་པ་ཨི་ཐ་ལི་ལྷན་དུ་མནའ་འབྲེལ་རྒྱལ་ཁབ་ཏུ་ཆགས་པ་ནས་ཀྲུང་གོ་དང་ཉི་ཧོང་གི་ཐོག་མའི་དམག་འཁྲུག་དང་། ཁུ་ཚུར་སྣུན་རྩལ་པའི་གྱེན་ལོགཨུ་རུ་སུ་དང་ཉི་ཧོང་གི་དམག་འཁྲུག ཀྲུང་གོ་དང་ཉི་ཧོང་གི་ཐེངས་གཉིས་པའི་དམག་འཁྲུག་བཅས་བྱུང་སྟེ་འཛམ་གླིང་དམག་ཆེན་གཉིས་པ་བསླངས།

༡༩༤༡ལོར། ཉི་ཧོང་གིས་ཧཱ་ཝེ་རུ་ཡོད་པའི་མུ་ཏིག་གྲུ་ཁ་ཞེས་པའི་ཨ་རིའི་ཆུ་ཡི་མ་སྒར་ལ་བཙན་རྒོལ་བྱས་ཤིང་། གྲུ་དང་གནམ་གྲུ་མང་པོ་གཏོར་བཤིག་བཏང་བས། ཨ་རི་རྒྱལ་ཁབ་ཀྱིས་འཛམ་གླིང་དམག་ཆེན་གཉིས་པར་ཐེ་གཏོགས་བྱེད་འགོ་བརྩམས། ཨ་རིའི་དམག་མི་དང་ཉི་ཧོང་གི་དམག་མིས་ཞི་བདེ་རྒྱ་མཚོ་རུ་འཐབ་འཛིང་བྱས་ཀྱང་། ཨ་རིའི་གནམ་གྲུའི་སྒར་ཉི་ཧོང་སྐམ་སའི་མཐའ་མཚམས་ཀྱི་ནང་དུ་བཙུགས་ཡོད་པས། ཨ་རིར་རྒྱལ་ཁ་ཐོབ་པའི་འགོ་བཙུགས་ཏེ་ཉི་ཧོང་གི་གྲོང་ཁྱེར་དག་གི་ནང་དུ་འབར་མདེལ་གཡུགས་འགོ་བརྩམས། ཨ་རིས་ཉི་ཧོང་གི་གྲོང་ཁྱེར་གལ་ཆེན་མང་ཆེ་བར་འབར་མདེལ་གཡུགས་ཐུབ་པས་ཉི་ཧོང་མགྱོགས་པོར་ཕམ་པར་བརྒྱབ། ཉི་ཧོང་གིས་མགོ་བཏགས་པའི་ཆེད་དུ་ཧི་རོ་ཞི་མཱ་དང་ནཱ་ག་ས་ཀི་ཡི་གྲོང་ཁྱེར་དག་ཏུ་རྡུལ་ཕན་འབར་མདེལ་གཉིས་གཡུགས་ཏེ་ཉི་ཧོང་གི་མི་སེར༡༥༠༠༠༠བསད། དེའི་རྗེས་སུ་སོ་ཝེ་དྲི་ལྷན་ཚོགས་ཀྱིས་ཉི་ཧོང་ལ་འཐབ་འགོ་བརྩམས་ཤིང་མཱན་ཆུ་རེའི་ནང་གི་ཉི་ཧོང་དམག་མི་ཕམ་པར་གྱུར། ཉི་ཧོང་གིས་མགོ་བསྒུར་ཞིང་རྒྱལ་ཁབ་གཞན་ནས་འཕྲོག་ཡོང་པའི་ས་ཆ་དག་ཀྱང་ཕྱིར་སྤྲད་ལ་ཕཱོ་ཚི་གྲམ་དྲིལ་བསྒྲགས་ཀྱང་ཁས་ལེན་བྱས། ཨ་རིས་ཉི་ཧོང་བདག་བཟུང་བྱས་ཏེ་བཙན་གྱིས་བསྐྱར་དུ་དམག་འཁྲུག་མི་རྒྱག་པའི་རྩ་ཁྲིམས་གསར་བ་འབྲི་རུ་བཅུག

ཉི་ཧོང་ནི་ཀྲུང་གོའི་མཚོ་ངོགས་ལས་རིང་དུ་གྱེས་པའི་ནུབ་ཞི་བདེ་རྒྱ་མཚོའི་གླིང་ཕྲན་ཁག་ཅིག་གིས་གྲུབ་ཡོད། དེའི་ཆེས་ཆེ་བའི་གླིང་ཕྲན་བཞི་ནི་ཧོན་ཞུས་དང་། ཧོ་ཁེ་དོ། ཞིས་ཁོ་ཁུས། ཁུས་ཞོའུ་བཅས་ཡིན་ལ་ཁྱོན་གླིང་ཕྲན་ཆུང་བ་དྲུག་སྟོང་ཙམ་ཡོད། ཉི་ཧོང་རྒྱ་མཚོ་དང་ཤར་ཀྲུང་གོའི་རྒྱ་མཚོ་ཡིས་ཉི་ཧོང་ནི་ཨེ་ཤེ་ཡའི་གླིང་ལས་ལོགས་སུ་དབྱེ་ཡོད། ཧོན་ཞུས་ནི་ཉི་ཧོང་སྐད་དུ་སྐམ་ས་ཞེས་པའི་དོན་དང་ཆེས་ཆེ་བའི་གླིང་ཕྲན་ཡིན། ཧོ་ཁེ་དོ་ནི་ཧོན་ཞུས་ཀྱི་བྱང་ཕྱོགས་གླིང་ཕྲན་དང་། ཁུས་ཞོའུ་ནི་ཧོན་ཞུས་ཀྱི་ནུབ་ཕྱོགས་གླིང་ཕྲན། ཞི་ཁོ་ཁུས་ནི་ཧོན་ཞུས་ཀྱི་ལྷོ་ནུབ་གླིང་ཕྲན་ཡིན།

ཉི་ཧོང་གི་དཀྱིལ་དུ་རི་བོ་དག་ཡོད་ལ་དེ་དག་གིས་གླིང་ཕྲན་གྱི་དཀྱིལ་བཟུང་ཡོད་པས། མཚོ་ངོགས་མང་ཆེ་བར་ས་ལེབ་མོ་ཧ་ཅང་དོག་པོ་ལས་མེད། རི་བོ་མང་པོ་ཞིག་ལ་མེ་རི་འཕྱུར་རྒྱུ་མེད་ཀྱང་འགའ་ཤས་ལ་ད་དུང་ཡང་མེ་རུ་འཕྱུར་རྒྱུ་ཡོད། རི་བོ་དག་ལས་ཆེས་མཐོ་ཤོས་ནི་ཡིད་དུ་འོང་ལ་མེ་རིས་དབྱིབས་བཟོས་པའི་ཧྤུས་ཇེ་རི་བོ(མཐོ་ཚད་ལ་སྨི༣༧༧༦ཡང་ན་དབྱིན་ཁྲུ༡༢༣༨༩) ཡིན། ཉི་ཧོང་དུ་ས་ཡོམ་ཤིན་ཏུ་མང་པོ་འབྱུང་གིན་ཡོད་ལ་དོན་དངོས་ཐོག་ལོ་ངོ་འདི་དག་གི་ལོ་རེར་ས་ཡོམ༡༥༠༠ཙམ་འབྱུང་གིན་ཡོད། ཆེས་ཉེ་ཆར་གྱི་ས་ཡོམ་ནི༢༠༡༡ལོར་བྱུང་ཞིང་དེ་ལ༢༠༡༡ ལོའི་དོ་ཧོ་ཁུས་ས་ཡོམ་ཞེས་བརྗོད། ས་ཡོམ་དེས་གློག་གི་བཟོ་གྲྭ་དུ་མ་ལ་གནོད་སྐྱོན་ཚབས་ཆེན་བཟོས་པས། ཉི་ཧོང་གི་རྡུལ་ཕྲན་བཟོ་གྲྭ་ཡོད་ཚད་སྒོ་རྒྱག་དགོས་ཐུག་པ་རེད་ལ། རྡུལ་ཕྲན་བཞུ་སའི་ལྟེ་གནས་ཤིག་ཡོད་པ་དེས་ཉེ་འགྲམ་གྱི་གྲོང་གསེབ་དང་གྲོང་ཁྱེར་དག་ལ་འཕྲོད་བསྟེན་གྱི་ཉེན་ཁ་ཚབས་ཆེན་བཟོས་པ་རེད། ཉི་ཧོང་དུ་མི་བརྒྱ་ཆ༩༠མཚོ་ངོགས་འགྲམ་གྱི་ས་ཆ་བརྒྱ་ཆ༡༠ཡི་སྟེང་འཚོ་སྡོད་བྱེད་ཀྱིན་ཡོད་ལ་གཞན་བརྒྱ་ཆ༡༠དེ་མཚོ་ངོགས་ལས་རིང་བའི་སར་འཚོ་སྡོད་བྱེད་ཀྱིན་ཡོད། གྲོང་ཁྱེར་བཅུ་ལྷག་ལ་གྲོང་ཁྱེར་རེར་མི་ས་ཡ་གཅིག་ལྷག་ཡོད་ལ། ཉི་ཧོང་གི་གྲོང་ཁྱེར་ཆེས་ཆེ་ཤོས་ནི་ཁྲོ་ཁེ་ཨོ་ཡིན་ལ་དེ་ནི་རྒྱལ་སའང་ཡིན།

ཆབ་སྲིད་དང་སྲིད་གཞུང་།

རྩོམ་སྒྲིག

ཉི་ཧོང་གཞུང་ནི་དབྱིན་ཇི་ལྟར་རྒྱལ་བོའི་སྲིད་དབང་ཡིན། སྲིད་གཞུང་གི་འགོ་ཁྲིད་ཉི་ཧོང་རྒྱལ་པོ་ཡིན་ལ། འཛིན་སྐྱོང་གི་དབང་ཆ་མང་ཆེ་བ་སྲིད་བློན་ལག་ཏུ་ཡོད། ད་ལྟའི་དུས་སྐབས(༢༠༡༣) ཀྱི་སྲིད་བློན་ཞེན་རྫོ་ཨ་བྷུ་དང་ཁོང་གི་བཀའ་ཤག་ཡིན། ཉི་ཧོང་གི་ཟས་སྤྱོད་ལ་གྲོས་ཚོགས་གཉིས་ཀྱིས་གྲུབ་པའི་ཁྲིམས་བཟོ་ལྷན་ཚོགས་སམ། ཡང་ན་སྤྱི་འཐུས་ལྷན་ཚོགས་ཀྱི་ཡན་ལག་གིས་འགན་ཁུར་ཡོད། གྲོས་ཚོགས་གོང་མ(ལྷན་ཚོགས་འཐུས་མིའི་གྲོས་ཚོགས)ནི་ལོ་གསུམ་རེར་རྒྱལ་ཡོངས་འོས་བསྡུ་བྱས་ནས་ཐག་གཅོད་ཀྱིན་ཡོད། འོས་བསྡུ་མཐའ་མ་དེ༢༠༡༣ལོ་ཡིན་ཞིང་། ལོ་དྲུག་གི་དུས་ཡུན་གྱི་དཀྱིལ་དུ་བསླེབས་པ་ན་འོས་ཤོག་འཕེན་པ་རེད།

ཚན་རིག་དང་བཟོ་ལས།

རྩོམ་སྒྲིག

འདས་པའི་ནང་དུ་ཉི་ཧོང་མི་ཡིས་ཀྲུང་གོའི་ཐབས་ལམ་མམ། ཡང་ན་མཱེ་ཇིས་དུས་རབས་ཀྱི་ཡོ་རོབ་ལས་ཚན་རིག་བསླབས། གང་ལྟར་ཉེ་དུས་ཀྱི་ལོ་ངོ་བཅུ་ཕྲག་གི་ནང་དུ་ཉི་ཧོང་ནི་རྫས་འགྱུར་བཟོ་སྐྲུན་རིག་གནས་དང་། རྡུལ་ཕྲ་རབ་བཟོ་ལས། མི་གཟུགས་འཕྲུལ་ཆས་བཅས་ཚུད་པའི་ཕྱོགས་དུ་མའི་ཐད་ཀྱི་སྲོལ་གཏོད་པ་ཁྱད་འཕགས་ཤིག་ཏུ་གྱུར། ཉི་ཧོང་ནང་དུ་བཟོ་ལས་ཀྱི་ཚོང་ཁང་མང་པོ་ཡོད་པ་དང་ཁོ་ཚོས་ཕྱིར་གཏོང་ཐོན་ཟོག་བཟོ་བཞིན་ཡོད་པ་རེད། ༢༠༠༠ལོར། ཨ་ཟི་མོ་མི་གཟུགས་འཕྲུལ་ཆས་གསར་གཏོད་བྱས་ཡོད་པ་དང་། དེ་ནི་ཧོན་ད་ཞེས་པས་བཟོ་སྐྲུན་བྱས་ཡོད་འདུག

སྤྱི་ཚོགས་དང་རིག་གཞུང་།

རྩོམ་སྒྲིག

ཉི་ཧོང་གི་རིག་གཞུང་ཆ་ཤས་མང་པོ་ཞིག་ཀྲུང་གོ་ལས་ཐོག་མ་བྱུང་བ་ཡིན་འདུགདཔེར་ན[5]གཱོ་དང[6]པོན་ཚེ་ལྟ་བུ། ཉི་ཧོང་གི་སྲོལ་རྒྱུན་ཟ་མ་ནི་ཉ་རིགས་དང་འབྲས། མཱི་ཟོ་ཁུ་བ། སྔོ་ཚོད་སོགས་ཡིན་ཞིང་། ཐུག་པ་དང་དོ་ཧྤུས་ནི་ཡང་ཐུན་མོང་ཡིན། སུས་ཞིས་ཞེས་པ་ནི་ཉི་ཧོང་གི་ཟ་མ་ཞིག དེ་ནི་འབྲས་བཙོས་མ་དང་ཚུའུ་དང་། རྒྱུ་ཆ་གཞན་ཉ་རྗེན་པ་ལྟ་བུ་ཡིས་བཟོས་པ་ཞིག་ཡིན་ལ་འཛམ་གླིང་དུ་དར་སྲོལ་ཧ་ཅང་ཆེ།

ཆོས་ལུགས་དད་མོས།

རྩོམ་སྒྲིག

ཉི་ཧོང་དུ་མང་ཆེ་བས་དད་མོས་བྱེད་སའི་ཆོས་ལུགས་ནི་ཞིན་ཐོ་དང་ནང་པ་ཡིན། ཉི་ཧོང་གི་ཆོས་ལུགས་གཙོ་བོ་གཉིས་ལ་བཟོད་སྒོམ་བྱེད་པའི་ངོ་བོ་ཤུགས་ཆེ་བར་བརྟེན། ཉི་ཧོང་མི་མང་པོ་ཞིག་གིས་ཆོས་ལུགས་དེ་གཉིས་ཕན་ཚུན་མཉམ་དུ་བསྲེས་ནས་དུས་གཅིག་ཏུ་མཉམ་ལེན་བྱེད་ཀྱིན་ཡོད། ཡེ་ཤུའི་ཆོས་ལུགས་པ་དང་། ཁ་ཆེའི་ཆོས་ལུགས་པ་ཉུང་ངུ་ཡོད་ལ་འཇིའུ་ཆོས་ལུགས་པའང་ཁ་ཤས་ཡོད།

སྒྱུར་མཁན། དབང་ཆེན་འཕྲིན་ལས།   མཐོ་བོད་འཕྲིན་སྟེགས་ནས་དྲངས།


པར་རིས་བར་འཁྱམས།

རྩོམ་སྒྲིག