ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས།

བསྟན་བཅོས་ཀྱི་ཕྱི་རྣམ།

རྩོམ་སྒྲིག

ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས་ཞེས་པའི་བསྟན་བཅོས་འདི་ནི་གཟན་དཀར་རིན་ཆེ་ཐུབ་བསྟན་ཉི་མས་མཛད་པའི་རྙིང་མའི་ལུགས་ཀྱི་ཐེག་པ་རིམ་པ་དགུའི་རྣམ་གཞག་ཚིག་ཉུང་གནད་འདུས་ཞལ་གསལ་གོ་བདེ་ཞིག་ཡིན། དེ་ནི་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་དགོས་མཁོ་སྐོང་ཕྱིར་མཛད་པའི་ཆེད་ཁྲིད་ཡིག་ཆ་ལྟ་བུ་ཞིག་རེད། དེས་ན་སྲོལ་རྒྱུན་ལྟར་དབུ་ལ་མཆོད་བརྗོད་དང་བརྩམ་པར་དམ་བཅའ་མེད་ལ། མཇུག་ཏུ་བསྔོ་བ་སོགས་ཀྱི་ཚིག་ཀྱང་མེད་དོ། །

ནང་དོན་དང་ས་བཅད།

རྩོམ་སྒྲིག

ཐེག་པའི་སྒྲ་དོན་ནས་དབུ་བཙུགས་ཏེ་གླེང་བསླངས་ནས་ཐེག་པའི་རིམ་པ་སོ་སོའི་གོ་དོན་དང་། ཐུན་མོང་མ་ཡིན་པའི་ལྟ་བ་དང་སྒོམ་པ། སྤྱོད་པ། འབྲས་བུ་སྟེ་ས་བཅད་ལྔ་ རེའི་སྒོ་ནས་གསལ་བར་བསྟན་པའོ། །

དཔེ་སྐྲུན་དང་བེད་སྤྱོད།

རྩོམ་སྒྲིག

ནང་ཁུལ་ཡིག་ཆའི་ཚུལ་གྱིས་དཀར་མཛེས་གསར་འགྱུར་ཁང་ནས་པར་དུ་བསྐྲུན་པ་དེ་གཞིར་བྱས་པའི་པར་སློག་ནི་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་དེབ་རེད།

ད་དུང་གཟིགས།

རྩོམ་སྒྲིག

·གཟན་དཀར་རིན་པོ་ཆེ།

·སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ།

མཚམས་སྦྱོར་བྱེད་མཁན་ནི། རོང་བན། ༡༠:༤༠, ༡༠ ཟླ་བདུན་པ། ༢༠༡༡ (UTC)