དག་ཡིག་ངག་སྒྲོན་ཞེས་པའི་དཔེ་ཆ་འདི་ནི་བོད་གངས་ཅན་ལ་ཡོངས་སུ་གྲགས་པའི་དག་ཡིག་ཆེན་པོ་ཞིག་སྟེ། སྤྱི་ལོ༡༥༣༨ ལ་བརྩམས་གྲུབ་པ་རེད།

མཛད་པ་པོ། རྩོམ་སྒྲིག

འདི་དཔལ་ཁང་ལོ་ཙཱ་བ་དང་དཔལ་ཁང་ཆོས་མཛད། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ། ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ཞེས་སོགས་མཚན་གྱི་འབོད་ ཚུལ་མང་བའི་མཁས་པ་ཆེན་པོ་དེའོ། །དཔལ་སྒང་ཞེས་པའི་བྲིས་ སྲོལ་ཡང་འདུག

མཚན་ཆ་ཚང་། རྩོམ་སྒྲིག

བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ།

གོ་རིམ་སྒྲིག་སྟངས། རྩོམ་སྒྲིག

སྤྱིར་ལེའུ་གསུམ་དུ་ཕྱེ་སྟེ། སྔོན་འཇུག་སོགས་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། རྣམ་དབྱེ་དང་ཕྲད་སོགས་གཅེས་པ་སྣ་ཚོགས་ཐུན་མོང ་དུ་བཤད་པ། ཡི་གེའི་སྦྱོར་བ་ལ་འཁྲུལ་པ་སྤོང་བ་བཤད་པའོ། །དེ་ལས་ལེའུ་དང་པོ་ལ། བརྗོད་དོན་ཀཱ་ལི་ སུམ་ཅུ་ལ། །རྐྱང་པ་འཕུལ་དང་མགོ་ཅན་དང་། །དབྱངས་ལྔ་ཡ་ར་ལ་ཝའི་འདོགས། །རྗེས་འཇུག་དཔེ་སོགས་རིམ་པས་བསྟན། །ཅེས་གསུངས་པའི་གོ་རིམ་ལྟར་བརྩམས་ཡོད་པ་རེད།


ལེགས་བཤད། རྩོམ་སྒྲིག

པེ་ཅིན་པར་མའི་ཤོག་ངོས༣༩ ཕྲེང་༦ ནས། དེང་སང་བྱིས་པའི་སྐྱེ་བོ་རྣམས། །བརྡ་དག་འདི་ཀོ་ལུང་རིགས་ཀྱིས། །དཔྱད་པ་ཆུང་ཞིང་ཚེགས་མེད་དུ། །ཤེས་སྙམ་འཁྲུལ་པས་ མགོ་བོ་རྨོངས། །ཞེས་གསུངས་སོ། །

དཔེ་སྐྲུན་བྱས་ཚུལ། རྩོམ་སྒྲིག

ཐོག་མའི་གནས་ཚུལ་མ་ཤེས་ཀྱང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་དག་ཡིག་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ་ཞེས་པ་བརྩམས་པ་དེ་འཕྲལ་དུ་སྡེ་དགེ་པར་ཁང་དུ་རྩ་འགྲེལ་གཉིས་ཀའི་ཤིང་པར་བརྐོས་ནས་འགྲེམས་སྤེལ་བྱས། སྤྱི་ལོ༡༩༨༥ ཟླ༡༠ པར་པེ་ཅིན་དུ་རྩ་འགྲེལ་གཉིས་ཀ་སྡེ་དགེའི་ཤིང་པར་ལྟར་པར་དུ་བསྐྲུན། ཕྱིས་སུ་བོད་ལྗོངས་ སློབ་གྲྭ་ཆེན་མོའི་དགེ་རྒན་ཀུན་བཟང་རྣམ་རྒྱལ་གྱིས་ཡང་འགྲེལ་བརྩམས་ནས་རྩ་འགྲེལ་གསུམ་ཆ་མི་རིགས་དཔེ་སྐྲུན་ཁང་ གིས་དཔར། སྤྱི་ལོ༢༠༠༧ ཟླ༤ པར་པར་ཐེངས་དྲུག་པ་བརྒྱབ་པའོ། །

མཚམས་སྦྱོར་བྱེད་མཁན་ནི། རོང་བན། ༡༡:༥༧, ༡༠ ཟླ་བདུན་པ། ༢༠༡༡ (UTC)