སྤྱི་བཤད།

རྩོམ་སྒྲིག

དུས་དེབ་ཅེས་པ་སྤྱིར་བཤད་ན་རྩོམ་པ་མང་པོའི་རྩོམ་ཡིག་གཅིག་ཏུ་བསྡུས། དེ་དག་ལེ་ཚན་དུ་བཀར་ནས་ཟླ་ཚེས་དང་རྩོམ་པ་པོའི་མིང་སོགས་བཀོད་དེ་དེབ་ཏུ་གྲུབ་པར་བྱས་ནས་བར་མ་ཆད་པར་དཔེ་སྐྲུན་བྱེད་པའི་དེབ་ལ་ཟེར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ ༡༩༦༤ ཟླ༡༡ ཚེས༡༩ ཉིན་ཧྥ་རན་སིའི་ཕེ་རིས་སུ་འཚོགས་པའི་གྲོས་ཚོགས་སུ་གྲོས་ཆོད་བྱུང་དོན། དུས་དེབ་ཀྱི་མཚན་ཉིད་ནི་ཁ་བྱང་གཅིག་པའི་ཐོག་ནས་བར་མ་ཆད་པར་༼དུས་བཀག་མེད་པར་༽དུས་ངེས་པའམ་ངེས་པ་མེད་པར་པར་སྐྲུན་བྱེད་པ། ལོ་རེ་ཉུང་མཐའ་བྱས་ཀྱང་སྐབས་རེ་༼ ཐེངས་རེ་ ༽ཡན་ཆད་འདོན་ཞིང་སྐབས་ཚང་མར་སྐབས་ཐེངས་ཀྱི་སྒྲིག་ཨང་། ཡང་ན་ཟླ་ཚེས་གསལ་པོར་བཀོད་པ་ཐམས་ཅད་ལ་དུས་དེབ་ཟེར། ཞེས་སོ། ། འཛམ་གླིང་ཐོག་མཚན་ཉིད་ཚང་བའི་དུས་དེབ་དང་པོ་ནི་ཧྥ་རན་སིར་སྤྱི་ལོ༡༦༦༥ ཟླ༡ ཚེས༤ ལ་པར་སྐྲུན་བྱས་པའི་སློབ་གཉེར་བའི་དུས་དེབ་ཅེས་པ་དེ་ཡིན་པར་མཁས་པ་མང་ཤོས་འདོད་དོ། །

དུས་དེབ་ཀྱི་གྲུབ་ཆ།

རྩོམ་སྒྲིག
  • བསྟུད་དེ་དཔེ་སྐྲུན་བྱེད་པ།
  • མིང་གཏན་འཁེལ་ཞིག་ཡོད་པ།
  • ལོ་རེ་མ་མཐའ་ཡང་སྐབས་རེ་འདོན་དགོས་ཤིང་དེ་ལ་ཡང་མུ་མཐུད་དེ་དཔེ་སྐྲུན་བྱ་བར་འགྱུར་བའི་མཚོན་བྱེད་ཨང་རིམ་ཡོད་པ།
  • རྩོམ་པ་པོ་མང་པོའི་རྩོམ་བསྡུས་ཏེ་གྲུབ་པ།

ད་དུང་གཟིགས།

རྩོམ་སྒྲིག

དཔྱད་གཞི།

རྩོམ་སྒྲིག

རོང་བན། ༠༧:༠༦, ༡༦ ཟླ་བདུན་པ། ༢༠༡༡ (UTC)