བལ་ཡུལ་ནི་རི་བོ་ཧི་མཱ་ལ་ཡའི་རི་རྒྱུད་དུ་ཁེལ་བའི་ལྷོ་ཨེ་ཤེ་ཡའི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་འདི་ལ་གཞུང་འབྲེལ་གྱིས་བལ་ཡུལ་སྤྱི་མཐུན་རྒྱལ་ཁབ་ཟེར། རྒྱལ་ཁབ་འདིའི་ནང་མི་འབོར་ས་ཡ་ ༢༦.༤ ཙམ་ཡོད་པ་དང་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཨང་ ༤༨ པ་དང་། ས་ཁམས་ཀྱི་ཆ་ནས་ཨང་ ༩༣ པ་དེ་ཆགས་ཡོད། བལ་ཡུལ་གྱི་ཁྱིམ་མཚེས་རྒྱལ་ཁབ་ནི་རྒྱ་ནག་དང་། བོད་དང་། འབྲུག རྒྱ་གར། པཱཀིསྟཱན། བཱང་ག་ལ་དེ་ཤ་བཅས་ཡིན། རྒྱལ་ཁབ་འདིའི་ནང་གངས་རི་དང་ནགས་རི། སྤང་རི་སོགས་ས་བཅུད་ཕུན་སུམ་ཚོགས་པ་ཡོད་ལ། ཡོངས་སུ་གྲགས་པའི་འཛམ་གླིང་གི་རི་བོ་མཐོ་ཤོས་རི་བོ་ཇོ་མོ་གླང་མ་ཡང་རྒྱལ་ཁབ་འདིའི་ནང་ཡོད། རྒྱལ་ཁབ་འདིའི་ནང་གནས་ཆེན་གྱི་མིང་ཐོགས་པའི་མངའ་སྡེ་གཉིས་དང་། གངས་རི་ཆེན་པོའི་མིང་ཐོགས་པའི་མངའ་སྡེ་གཉིས་དང་། ཆུ་བོ་ཆེན་པོའི་མིང་ཐོགས་པའི་མངའ་སྡེ་བཅུ་བཅས་མངའ་སྡེ་བཅུ་བཞི་ཡོད།

བལ་ཡུལ།
དར་ཆ།
རྒྱལ་ཁབ་ཀྱི་སྐད་ཡིག
ས་ཁུལ་རིམ་པའི་སྐད་ཡིག།
ནེ་པཱ་ལཱི་དང་། བལ་སྐད་སོགས་བལ་ཡུལ་ནང་བཀོལ་སྤྱོད་བྱེད་པའི་སྐད་ཡིག་ཁག
རྒྱལ་ས། ཀཱ་ཋ་མཱཎྜཽཾ།, ཡམ་བུ།
སྲིད་གཞུང་། ཐུན་མོང་སྲིད་གཞུང་།

རྒྱལ་ས་ཡམ་བུ།

རྩོམ་སྒྲིག

རྒྱལ་ཁབ་འདིའི་གྲོང་ཁྱེར་ཆེ་ཤོས་སམ་རྒྱལ་ས་ལ་བོད་སྐད་དུ་ཡམ་བུ་དང་། ཡོངས་གྲགས་ལ་ཀཱ་ཋ་མཱཎྜཽཾ་ཟེར། རྒྱལ་སའི་རྒྱ་ཁྱོན་ 600km2 ཡོད་ལ། དུས་རྒྱུན་མི་འབོར་འབུམ་ཉི་ཤུ་རྩ་ལྔ་ལྷག་གནས་སྡོད་བྱེད།

ལོ་རྒྱུས།

རྩོམ་སྒྲིག

གནའ་རབས་ཀྱི་བལ་བོ།

རྩོམ་སྒྲིག

དེ་ཡང་གནའ་རབས་རྒྱ་གར་གྱི་བསྟན་བཅོས་ནང་བལ་བོ་ལ་གནའ་རབས་གྱི་རྒྱ་གར་ཞེས་བཀོད་ཡོད་ཅིང་། དུས་རབས་༣པའི་ནང་རྒྱ་གར་རྒྱལ་པོས་བལ་ཡུལ་དུ་ནང་ཆོས་ཐོག་མ་སྲོལ་བཏོད། སྤྱི་ལོ་༢༠༠ཙམ་དུ་བལ་བོ་དེ་ལི་ཆ་ཝིས་རྒྱལ་ཁམས་ཀྱིས་དབང་སྒྱུར་བྱས་ཡོད་པ་དང་། སྐབས་དེར་བལ་བོ་ལ་ཧིན་དྷུ་ལྷ་ཁང་དང་ནང་པའི་ལྷ་ཁང་མང་པོ་བཞེངས་ཡོད། འོན་ཀྱང་། རིམ་བཞིན་ལི་ཆ་ཝིས་ཉམས་ཆག་ཏུ་ཕྱིན་ནས། སྤྱི་ལོ་༨༧༩ལོར་ཐཱ་ཀུ་རིས་དུས་རབས་འགོ་བཙུགས།

སྤྱི་ལོ་༡༢༠༡ནས་༡༧༦༩ལོའི་བར་དུ་བལ་བོ་དེ་མཱ་ལཱ་རྒྱལ་རྒྱུད་ཀྱིས་དབང་སྒྱུར་བྱས་པ་དང། ༡༤༨༢ལོར་མཱ་ལཱ་གྲོངས་རྗེས་སུ་ཁོང་གི་རྒྱལ་ཁམས་དེ་རང་གི་བུ་རྒྱུད་གསུམ་ལ་བགོས། དུས་རབས་༡༨ཙམ་ལ་བལ་བོ་དེ་གོར་ཁཱ་རྒྱལ་པོ་ནཱ་རཱ་ཡན་གྱིས་བསྐྱར་དུ་དབང་དུ་བསྡུས། དུས་རབས་༡༩པའི་ནང་བལ་བོ་མི་རིགས་ཚོ་དབྱིན་ཇི་ཡིས་བཙན་སྐུལ་བྱས། སྤྱི་ལོ་༡༨༡༤ནས་༡༨༡༦ལོའི་དབྱིན་བལ་བར་དམག་འཁྲུག་བྱུང་པས་ད་སྐབས་བལ་བོའི་ས་མཚམས་དེ་སྐབས་དེ་ནས་བྱུང་། སྤྱི་ལོ་༡༨༤༦ལོར་རཱང་བྷ་ཧཱ་ཌུར་གྱིས་བལ་ཁུལ་དབང་བསྒྱུར་བ་དང་། ཁོང་རང་ཉིད་རཱ་ནཱ་འམ་སྲིད་བློན་ཞིག་ལ་ཁྱབ་བསྒྲགས་བྱས་ཤིང་། དེ་ནས་བལ་བོའི་དབང་ཆ་ཡོངས་རྫོགས་རཱ་ནཱས་བཟུང་ཡོད་པ་དང་བལ་བོའི་རྒྱལ་པོ་ཚོར་མིང་ཙམ་ལས་དབང་ཆ་མེད། མཐར་སྤྱི་ལོ་༡༩༢༣ལོར་དབྱིན་བལ་གཉིས་ཀྱི་བར་ཆིངས་ཡིག་གསར་བ་ཞིག་བཞག

དེང་རབས་ཀྱི་བལ་བོ།

རྩོམ་སྒྲིག

སྤྱི་ལོ་༡༩༥༠ལོར་སྲིད་བློན་རཱ་ནཱ་ཁོང་གནས་དབྱུང་བཏང་བ་དང་རྒྱལ་པོའི་དབང་ཆ་སླར་ཡང་བསྐྱར་གསོ་བྱས། སྤྱི་ལོ་༡༩༥༩ལོར་བལ་བོའི་གྲོས་ཚོགས་བལ་བོའི་མི་དམངས་ཚོས་འོས་འདེམ་བྱས་ཡོད་ཀྱང་། རྒྱལ་པོ་དང་གྲོས་ཚོགས་བར་རྩོད་གླེང་བྱུང་བས་གྲོས་ཚོགས་ཕམ། སྤྱི་ལོ་༡༩༦༢ལོའི་རྩ་ཁྲིམས་གསར་པའི་འོག་རྒྱལ་པོར་དབང་ཆ་ཡོངས་རྫོགས་ཐོབ་ཡོད་ཀྱང་། ༡༩༩༠ལོར་བལ་བོའི་དམངས་གཙོའི་ཤོག་ཁག་གིས་ངོ་རྒོལ་རྒྱ་ཆེར་སྤེལ་བར་བརྟེན་དམངས་གཙོའི་ལམ་ལུགས་སླར་གསོ་བྱས།

སྤྱི་ལོ་༡༩༩༡ལོར་བལ་བོའི་མང་མོས་འོས་འདེམ་བྱས་ཤིང་བལ་བོའི་བཅའ་ཁྲིམས་གསར་པ་གཏན་ལ་ཕབ། དེ་ནས་སྤྱི་ལོ་༡༩༩༤ལོར་བལ་བོའི་གྲངས་ཉུང་མི་རིགས་དམག་ཤོག་སྲིད་གཞུང་གིས་རྒྱལ་ཁབ་དབང་བསྒྱུར། སྤྱི་ལོ་༡༩༩༥ལོར་རྒྱལ་ཁབ་ཀྱི་ཁྲིམས་ཁང་མཐོ་ཤོས་ཀྱིས་འོས་བསྡུ་ནུས་མེད་བཟོས་པ་དང་སྔོན་གྱི་གྲོས་ཚོགས་བསྐྱར་གསོ་བྱས།

སྤྱི་ལོ་༡༩༩༦ལོར་བལ་བོའི་དམར་ཤོག་ཚོགས་པས་ངོ་རྒོལ་གྱེན་ལངས་འགོ་བཙུགས་པས། སྐབས་དེར་བལ་བོའི་དཔལ་འབྱོར་ལ་གནོད་སྐྱོན་ཆེན་པོ་ཐེབས་ཡོད། འོན་ཀྱང་། སྤྱི་ལོ་༢༠༠༦ལོའི་ཟླ་༡༡པའི་ནང་ཞི་བའི་ཆིངས་ཡིག་བཞག སྤྱི་ལོ་༢༠༠༨ལོའི་ཟླ་༤པའི་ཐུན་མོང་སྲིད་གཞུང་ལ་འོས་ཤོག་ཐོབ་པས་བལ་དམངས་ཀྱིས་དབང་ཆ་བཟུང་། སྤྱི་ལོ་༢༠༠༨ལོའི་ཟླ་༥པའི་ནང་རྒྱལ་པོའི་སྲིད་དབང་རྩ་མེད་བཟོས་ནས་བལ་བོ་སྤྱི་མཐུན་རྒྱལ་ཁབ་ཅིག་ཆགས།

སྤྱི་ལོ་༢༠༡༥ལོར་བལ་བོའི་རྩ་ཁྲིམས་གསར་པ་འགོ་བཙུགས། སྤྱིར་བལ་བོ་དེ་ཡར་རྒྱས་ཕྱིན་མེད་པའི་རྒྱལ་ཁབ་ཅིག་ཡིན་ཡང་། འཛམ་གླིང་གི་ཡུལ་སྐོར་བ་ཚོའི་ཆེ་དགའ་སའི་རྒྱལ་ཁབ་ཅིག་ཆགས་ཡོད།

སྐད་ཡིག།

རྩོམ་སྒྲིག

བལ་ཡུལ་རྒྱལ་ཁབ་ནང་ཡོངས་བསྡོམས་སྐད་རིགས་མི་འདྲ་བ་བརྒྱ་དང་ཉེར་དགུ་རྒྱག་གི་ཡོད་ཀྱང་། ཡོངས་གྲགས་གཞུང་གི་ལས་དོན་ལ་ཁྱབ་ཆེ་བར་བཀོལ་སྤྱོད་བྱེད་པ་ནི་ནེ་པཱ་ལཱི་ཡིན། [] []

མངའ་སྡེ་ཁག

རྩོམ་སྒྲིག

༡ མེ་ཙཱི། ༢ ཀོ་ཤཱི། ༣ ས་ག་ར་མཱ་ཐཱ། ༤ ཛ་ན་ཀ་པུ་ར། ༥ ན་རཱ་ཡ་ཎཱི། ༦ བཱགྨ་ཏཱི། ༧ ལུམྦི་ནཱི། ༨ གཎྜ་ཀཱི། ༩ དྷ་ཝ་ལ་གི་རཱི། ༡༠ རཱཔྟཱི། ༡༡ བྷེ་རཱི། ༡༢ ཀརྞ་ལཱི། ༡༣ སེ་ཏཱི། ༡༤ མ་ཧཱ་ཀཱ་ལཱི།

ཆུ་རྒྱུན།

རྩོམ་སྒྲིག

བལ་ཡུལ་རྒྱལ་ཁབ་ནང་ཡོངས་བསྡོམས་གཙང་པོ་ཆེ་ཆུང་དྲུག་སྟོང་ཙམ་ཡོད་པ་ལས། ཀོ་ཤཱི་དང་། གཎྜ་ཀཱི་དང་། ཀརྞ་ལཱི་དང་། མ་ཧཱ་ཀཱ་ལཱི་དང་། མེ་ཙཱི་དང་། ཀནྐཱ་ཨཱི་དང་། བཱགྨ་ཏཱི་དང་། རཔྟཱི་དང་། བྷེ་རཱི་དང་། སེ་ཏཱི་དང་། ཛོ་ག་མཱ་ཨཱི་དང་། པཱུ་ཝཱ་མཱ་ཨཱི་དང་། དེ་ཨུ་མཱ་ཨཱི་དང་། ལི་ཀུ་བཅས་ནི་ཆུ་བོ་ཆེན་པོ་ཁག་ཡིན།

བལ་ཡུལ་རྒྱལ་ཁབ་ནང་གི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག

རྩོམ་སྒྲིག
  1. ཏྲི་བྷུ་ཝན་ཝི་ཤྭ་ཝི་དྱཱ་ལ་ཡ།
  2. མ་ཧེནྡྲ་སཾསྐྲྀཏ་ཝི་ཤྭ་ཝི་དྱཱ་ལ་ཡ།
  3. ཀཱ་ཋ་མཱཎྜཽཾ་ཝི་ཤྭ་ཝི་དྱཱ་ལ་ཡ།
  4. པཱུརྺཉྩལ་ཝི་ཤྭ་ཝི་དྱཱ་ལ་ཡ།
  5. པོ་ཁ་རཱ་ཝི་ཤྭ་ཝི་དྱཱ་ལ་ཡ།
  6. ལུམྦི་ནི་ཝི་ཤྭ་ཝི་དྱཱ་ལ་ཡ།
  7. ནེ་པཱལ་ཀྲྀཥི་ཝན་ཝི་ཤྭ་ཝི་དྱཱ་ལ་ཡ།
  8. མ་དྷྱ་པཤྩིམཱཉྩལ་ཝི་ཤྭ་ཝི་དྱཱ་ལ་ཡ།

རི་བོ་ཇོ་མོ་གླང་མ་ནི་བོད་རང་སྐྱོང་ལྗོངས་དང་བལ་བོ་གཉིས་ཀྱི་ས་མཚམས་སུ་ཡོད་ལ་བལ་བོའི་སཱ་གཱ་མཱ་ཐཱ་ཟེར། རི་བོ་དེ་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཡིན་ཞིང་། དེའི་མཐོ་ཚད་མཚོ་ངོས་ནས་སྨི་༨,༨༤༨ཙམ་ཡོད། རོ་བོ་དེ་སྲོག་ཉེན་ཡུལ་གྱི་སྒང་ལ་ཡོད་པས་འཚོ་རླུང་མ་སྤྱོད་པ་རི་རྩེར་འཛེག་མི་ཐུབ། ཇོ་མོ་གླང་མ་ལ་འཛེག་ལམ་ཕྱོགས་གཉིས་ཡོད་པ་ལས་གཅིག་ནི་ཇོ་མོ་གླང་མའི་ལྷོ་ཕྱོགས་ཏེ་བལ་བོའི་ནང་དང་། གཞན་དེ་ཇོ་མོ་གླང་མའི་བྱང་ཕྱོགས་སུ་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་ཡོད། ལྷོ་ཕྱོགས་འཛེག་ལམ་གྱི་མཐོ་ཚད་སྨི་༥,༣༦༤ཙམ་ཡོད་པ་དང་། བྱང་ཕྱོགས་འཛེག་ལམ་གྱི་མཐོ་ཚད་སྨི་༥,༡༥༠ཙམ་ཡོད། ལྷོ་ཕྱོགས་འཛེག་ལམ་དུ་ཤར་པ་དང་དོས་འཁྱེར་པ་ཚོས་གཡག་དང་སེམས་ཅན་ལ་བརྟེན་ནས་འཛེག་གི་ཡོད་པ་དང་། བྱང་ཕྱོགས་འཛེག་ལམ་དུ་དབྱར་ཟླའི་ནང་རླངས་འཁོར་འགྲོ་ལམ་ཡོད་འདུག འཛེག་ལམ་དེ་གཉིས་ནི་ཇོ་མོ་གླང་མར་རི་འཛེག་པ་དང་གནས་སྐོར་བ་ཚོའི་འགྲོ་ལམ་གཙོ་བོ་གཉིས་ཆགས་ཡོད།

སྤྱི་ལོ་༡༨༥༦ལོར་རི་བོ་དེ་ཐོག་མ་རྒྱ་གར་གྱི་ས་ཞིབ་པས་གསར་གཏོད་བྱས་ཡོད་པ་དང་། དེའི་མིང་ལ་མཐོ་རྩེ་XVཟེར། སྤྱི་ལོ་༡༨༦༥ལོར་ས་ཁམས་རིག་ཚོགས་ཀྱིས་གཞུང་འབྲེལ་གྱི་དབྱིན་མིང་(mounten everest) མའུན་ཊེན་ཨེབ་རེསྚ། ཞེས་ཟེར། སྤྱི་ལོ་༡༩༢༡ལོར་རི་བོ་ཇོ་མོ་ལོ་མ་དབྱིན་ཇིས་འཚོལ་ཞིབ་བྱེད་འགོ་བཙུགས། ༡༩༢༤ལོའི་ཟླ་༦པའི་ཚེས་༨ཉིན་སྐུ་ཞབས་མཱ་ལོ་རི་དང་ཨེན་ཌི་རོ་གཉིས་ཐེངས་དང་པོ་ཇོ་བོ་གླང་མར་འཛེག་ཡོད་པ་དང་། ཕྱིས་སུ༡༩༩༩ལོའི་ནང་རི་འཛེག་པ་ཨེན་ཀེར་གྱིས་སྐུ་ཞབས་མཱ་ལོ་རིའི་ཕུང་པོ་མ་རྙེད་བར་དུ་ཁོང་གཉིས་ག་སོང་ཆ་མེད་དུ་གྱུར། སྤྱི་ལོ་༡༩༥༣ལོའི་ཟླ་༥པའི་ནང་བལ་བོ་རི་འཛེག་པ་ཤར་པ་བསྟན་འཛིན་ནོར་རྒྱལ་དང་ནིའུ་ཟེ་ལེན་གྱི་རི་འཛེག་པ་སྐུ་ཞབས་ཧི་ལེ་རི་གཉིས་ཐེངས་དང་པོ་ཇོ་མོ་གླང་མའི་རི་རྩེར་འབྱོར་ཐུབ་པ་བྱུང་ཡོད།

དཔལ་འབྱོར།

རྩོམ་སྒྲིག

སྤྱི་ལོ་༡༩༥༠ལོའི་བར་དུ་བལ་བོ་ནི་སོ་ནམ་གྱི་རྒྱལ་ཁབ་ཅིག་ཡིན་ལ། ༡༩༥༡ལོ་ནས་བཟུང་དུས་རབས་ཀྱིས་བལ་བོ་བསྒྱུར་ནས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། བལ་བོའི་ས་ཁུལ་བརྒྱ་ཆ་༢༠%ཙམ་སོ་ནམ་གྱི་ས་གཞི་དང་། བརྒྱ་ཆ་༣༣%ཙམ་ནགས་ཚལ། གཞན་ས་ཁུལ་ཕལ་ཆེ་བ་རི་རྒྱུད་ཡིན། བལ་བོའི་སྟོན་ཐོག་གཙོ་བོ་ནི་གྲོ་འབྲས་གཉིས་ཡིན་འདུག སྤྱིར་བལ་བོའི་ཚོང་འབྲེལ་ཆེ་ཤོས་ཀྱི་རྒྱལ་ཁབ་ནི་ཀྲུང་གོ་དང་རྒྱ་གར་གཉིས་ཡིན་ལ། ཀྲུང་གོ་ནི་བལ་བོར་ཕྱིར་ཚོང་བ་ཆེ་ཤོས་གཉིས་པ་དེ་ཡིན། ཀྲུང་གོས་བལ་བོ་ནས་ཉོ་བ་ཅི་ཡང་མེད། རྒྱ་གར་ནི་བལ་བོའི་ཅ་དངོས་ཉོ་མཁན་ཆེ་ཤོས་དེ་ཆགས་ཡོད།


ཕྱི་འབྲེལ་དང་དམག་དཔུང་།

རྩོམ་སྒྲིག

བལ་བོ་ནི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་སུ་ཡོད་པས་རྒྱལ་ཁབ་དེ་གཉིས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་སོགས་དང་འབྲེལ་བ་ཆེ། རྒྱ་གར་དང་བལ་བོ་བར་གྲོས་མཐུན་གྱི་ཆིངས་ཡིག་ཅིག་བཞག་པའི་ནང་། རྒྱ་བལ་གཉིས་བར་མི་སེར་ཚོར་ཕྱི་སྐྱོད་ལག་ཁྱེར་མི་དགོས་པ་རྒྱལ་ཁབ་ཕར་ཚུར་འགྲིལ་འགྲུམ་བྱེད་ཆོག་པ་དང་། བལ་མི་ཚོས་རྒྱ་གར་དུ་དམ་བསྒྲགས་མེད་པར་ལས་ཀ་བྱེད་ཆོག་པ་སོགས་ཆིངས་ཡིག་ཏུ་བཀོད་ཡོད། དེ་བཞིན་དབྱིན་རྒྱ་བལ་གསུམ་གྱིས་ཆིངས་ཡིག་བཞག་པའི་ནང་རྒྱ་གར་དུ་གྷོ་ཁཱར་དམག་དཔུང་བདུན་ཡོད་པ་དེ་དག་གི་དམག་མི་ཕལ་ཆེ་བ་བལ་བོ་ནས་ཡིན་འདུག

སྤྱི་ལོ་༡༩༥༥ལོའི་ཟླ་༨པའི་ཚེས་༡ཉིན་བལ་བོ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་བར། ཞི་མཐུན་མཉམ་གནས་ཀྱི་ཁས་ལེན་དོན་ཚན་ལྔ་ལ་གཞིར་བཟུང་ནས་འབྲེལ་བ་རྩ་འཛུགས་བྱས་ཤིང་། སྤྱི་ལོ་༢༠༠༨ལོར་ཀྲུང་གོའི་སི་ཁྲོན་ས་ཁུལ་དུ་ས་ཡོམ་གནོད་སྐྱོན་ལ་བལ་བོ་གཞུང་གིས་རོགས་སྐྱོར་བྱས་པ་བཞིན། ཀྲུང་གོས་བལ་བོའི་རྨང་གཞིའི་འཛུགས་སྐྲུན་ལ་དཔལ་འབྱོར་གྱི་རོགས་རམ་བྱས་ཡོད། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་ཐོག་༢༠༠༨རི་བོ་ཇོ་མོ་གླང་མའི་དབྱར་ཁའི་ཨོ་ལེམ་ཕིག་རྩེད་འགྲན་ཚོགས་ཡོད།

བལ་བོ་ལ་བལ་བོའི་མཁའ་དམག་དང་མི་དམངས་སྐོར་སྲུང་པ། གཞོགས་འདེགས་དཔུང་དམག་བཅས་ཡོད། བལ་དམག་ཚོ་ངེས་པར་དུ་ལོ་ན་༡༨ཟིན་པ་ཡིན་དགོས། སྤྱི་ལོ་༢༠༠༤ལོར་བལ་བོ་གཞུང་གིས་ཨ་སྒོར་ས་ཡ་༩༩.༢ཙམ་དམག་དོན་འགྲོ་གྲོན་བཏང་ཡོད་ལ། རྒྱལ་ཁབ་ཀྱི་དམག་གི་ཡོ་ཆས་དང་གོ་མཚོན་ཕལ་ཆེར་བ་རྒྱ་གར་ནས་ནང་འདྲེན་བྱས་པ་དང། དེ་བཞིན་ཨ་རི་ཡིས་(M16s,M4s)གོ་མཚོན་སོགས་མཐུན་སྦྱོར་བྱས་ཡོད། M16མེ་མདའ་ནི་བལ་དམག་གི་མེ་མདའ་ཚད་གཞི་མཐོ་ཤོས་དེ་ཡིན་འདུག བལ་དམག་གི་སྒྲིག་ཁྲིམས་གསར་བའི་ནང་དུ་བལ་བོའི་བུད་མེད་དམག་མི་ཚོ་ལག་འཛིང་གི་གནས་སྐབས་དང་། དམག་འཁྲུག་གི་མདུན་ཕྱོགས་སུ་དམག་འཛིང་མི་དགོས་པ་ཁྲིམས་བཟོས་ཡོད། འོན་ཀྱང་། གསང་བའི་ལས་དོན་གྱི་སྡེ་ཁག་དང་དམག་སྤྱིའི་ལས་ཁུངས་སྡེ་ཁག བརྡ་ལན་དམག་དཔུང་སྡེ་ཁག་སོགས་ལ་དམག་གི་ཆ་ཤས་ལེན་ཆོག

པར་རིས་བར་འཁྱམས།

རྩོམ་སྒྲིག

དཔྱད་གཞིའི་ཁུངས་ཡིག

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག:

  1. "Official Summary of Census (2011), Central Bureau of Statistics, Nepal" (PDF). Archived from the original (PDF) on 2012-12-02. Retrieved 2020-03-24. 
  2. CBS.GOV.NP Summary