བོད་ཀྱི་རྩོམ་རིག
བོད་ཀྱི་རྩོམ་རིག་ཅེས་པ་ནི་བོད་ཅེས་པའི་མི་རིགས་འདི་སྲིད་པར་ཆགས་པའི་དུས་ནས་བཟུང་། བོད་མི་དག་གིས་ཡིག་ཐོག་དང་ངག་ཐོག་གང་རུང་ནས་བརྩམས་པའི་རྩོམ་ཡིག་དེ་དག་ལ་ཟེར་ཏེ། དེར་ཞིབ་རྒྱས་སུ་གླུ་དང་མགུར། སྙན་ངག སྒྲུང་། གཏམ་རྒྱུད། སྒྲུང་གཏམ། འཁྲབ་གཞུང་སོགས་འདུ་ལ། ལུས་ཀྱི་ཆ་ནས་ཚིགས་བཅད་དང་ཚིག་ལྷུག སྤེལ་མ་བཅས་ཡོད།
གནའ་རབས་རྩོམ་རིག
རྩོམ་སྒྲིགཉེ་རབས་རྩོམ་རིག
རྩོམ་སྒྲིགདོན་ཚན་དང་པོ། སྤྱི་བཤད་།
མི་ལ་རབས་པའི་རྣམ་ཐར
བོད་ཡིག་གི་བསྟན་བཅོས་རྣམས་ཀྱི་ཁྲོད་དུ་“རྣམ་ཐར”ནི་ཧ་ཅང་མང་སྟེ།ཆེས་སྔ་ཤོས་ཀྱི་ལོ་རྒྱུས་ཡིག་ཆ་དག་ཏུ་རྒྱལ་བློན་གྲགས་པ་ཅན་གྱི་མཛད་པ་བཀོད་པའི་ཟིན་ཐོ་ཡོད་ཅིང་། ཟིན་ཐོ་དེ་རིགས་ནི་དམ་དུམ་ཙམ་ལས་མེད་མོད། འོན་ཀྱང་རྩོམ་རིག་གི་ཉམས་འགྱུར་ཆེན་པོ་དང་ལྡན་པས། རྩོང་རིག་གི་རང་བཞིན་ལྡན་པའི་རྣམ་ཐར་གྱི་ཐོག་མའི་མྱུ་གུ་ཡིན་པར་ངོས་འཛིན་བྱས་ཆོག
བོད་བཙན་པོའི་རྒྱལ་རབས་འཐོར་ཞིག་ཏུ་སོང་རྗེས། བོད་ཁམས་ཡོངས་རྫོགས་སིལ་བུར་ཐོར། ས་གནས་ཀྱི་དབང་སྒྱུར་ཚོགས་པའི་སྟོབས་ཤུགས་དག་དཔལ་འབྱོར་དང་། ཆབ་སྲིད། རིག་གནས་བཅས་ཀྱི་ཕྱོགས་ནས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས། བླ་རྒྱུད་དང་ཆོས་རྒྱུད་སོ་སོ་བ་དུ་མ་བྱུང་ཞིང་། ཆོས་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་ཆ་ལའང་ཁྱད་པར་བྱུང་ནས་གྲུབ་མཐའ་མི་འདྲ་བ་དུ་མར་གྱུར། གྲུབ་མཐའ་དེ་དག་གིས་སྟོབས་དང་གྲགས་པ་རྒྱས་པའི་ཆེད་དུ་རང་རང་གི་གྲུབ་མཐའི་ཆེ་བ་བརྗོད་ཅི་ཐུབ་བྱས། ཆེ་བརྗོད་ཀྱི་གོ་རིམ་ཁྲོད་དུ་མི་མང་པོའི་ཡིད་འགུགས་པ་དང་དད་པ་སྐྱེས་པའི་ཆེད་དུ། རང་རང་གི་གྲུབ་མཐའི་བླ་སྤྲུལ་དང་དགེ་བཤེས་དག་གི་སྐུ་ཚེ་གང་བོའི་མཛད་སྤྱོད་ལ་ཆེ་བསྟོད་ཀྱིས་རྣམ་ཐར་དུ་བསྡེབས་ནས། མིག་ལྟོས་སུ་བསྒྲགས་པར་བྱས་པས། བླ་ཆེན་མཁས་ཆེན་ཚོའི་རྣམ་ཐར་མང་པོ་བྱུང་བར་གྱུར་ལ། ཀུན་ལ་གྲགས་ཆེ་བ་ནི་དཔེར་ན། 《མི་ལ་རས་པའི་རྣམ་ཐར་》དང་《བུ་སྟོད་གྱི་རྣམ་ཐར》《ས་པཎ་གྱི་རྣམ་ཐར》《མར་པའི་རྣམ་ཐར》《རས་ཆུང་བའི་རྣམ་ཐར》《ཐང་སྟོང་རྒྱལ་པོའི་རྣམ་ཐར་།》《འབྲུག་པ་ཀུན་ལེགས་ཀྱི་རྣམ་ཐར》སོགས་ཏེ། ཐམས་ཅད་བསྡོམས་ན་ཅི་ཙམ་ཡོད་པ་ད་དུང་ཤེས་དཀའ་མོད། མིག་སྔར་ཐོ་རུ་བཀོད་ཟིན་པའང་སྟོང་ཕྲག་ལྷག་འདུག་པས། འདི་ནི་བོད་ཀྱི་རྩོམ་རིག་གི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་རེད།
སྤྱིར་བོད་ཀྱི་རྣམ་ཐར་ཞེས་པ་ནི་ཇི་སྐད་དུ་“རྣམ་པར་ཐར་པ་ཞེས་པའི་དོན་དངོས་ནི། འརྗོད་བྱ་དང་རྗོད་བྱེད་ཀྱི་རྣམ་པ་དེ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་རྒྱུར་འགྱུར་པ་ཞིག་དགོས། ”[༡]ཞེས་གསུངས་པ་དེ་འདྲ་ཞིག་ཏུ་སྣང་མོད། འདིར་བརྗོད་པའི་རྩོམ་རིག་གི་རང་བཞིན་ཅན་གྱི་རྣམ་ཐར་ནི། “རྣམ་ཐར”རང་ག་བ་དང་མི་འདྲ་ལ། “ཆོས་འབྱུང་”དང་“རྒྱལ་རབས”ལ་དེ་བས་ཀྱང་མི་འདྲ་སྟེ། འདིས་ལོ་རྒྱུས་མི་སྣ་ལ་སྒྲོ་འདོགས་ངེས་ཅན་ཞིག་བྱེད་ཅིང་། བྱུང་རིམ་ལའང་རྟོག་བཟོ་ཅུང་ཟད་རེ་བྱས་ཡོད་པར་མ་ཟད། ཆོས་ལུགས་ཀྱི་ལྷ་སྒྲུང་དང་དམངས་ཁྲོད་ཀྱི་ངག་རྒྱུན་འགའ་རེ་སྡུད་ལེན་བྱེད་པ་དང་། མངོན་སུམ་གྱི་ཚིག་སྦྱོར་ལ་བརྟེན་ནས་དཔེ་གཞིའི་ཁོར་ཡུག་འབྲི་ཞིང་། མི་སྣའི་གཤིས་ཀ་བཟོ་སྐྲུན་བྱེད། འོན་ཀྱང་། འདི་ནི་རང་གའི་གཏམ་རྒྱུད་དང་། སྒྲུང་རྩོམ་སོགས་དང་ཡང་མི་འདྲ་སྟེ། འདི་ནི་ཇི་ལྟར་བཤད་ཀྱང་ལོ་རྒྱུས་མི་སྣ་ངོ་མ་ཞིག་དང་། ཁོའི་ཚེ་གང་བོའི་བྱ་བའི་ཚུལ་རགས་རམ་ཞིག་གཞིར་བཟུང་ནས་སྒྲིག་སྦྱོར་དང་འབྲི་བརྗོད་བྱེད་པ་ཞིག་གོ། གོང་དུ་སྨྲས་པ་ལྟར།
བོད་ཀྱི་རྣམ་ཐར་ཕལ་ཆེ་བ་ནི་བླ་ཆེན་མཁས་ཆེན་ཚོའི་སྐུ་ཚེ་གང་བོའི་མཛད་པ་བཀོད་པའི་བརྩམས་ཆོས་སུ་འདུག་པས། ཆོས་ལུགས་ཀྱི་ལྟ་བས་ཡོངས་སུ་སིམ་འདུག་མོད། འོན་ཀྱང་ཚད་མི་འདྲ་བའི་སྒོ་ནས་སྤྱི་ཚོགས་རྙིང་བའི་མུན་ནག་དང་ཡ་ང་བའི་གནས་ཚུལ་ལ་ཕོག་ཐུག་དང་མཚང་འབྱིན་བྱས་པའི་བརྩམས་ཆོས་ཀྱང་ཡོད་པས། བླང་བར་བྱ་བ་མི་ཉུང་བ་ཞིག་ཡོད་པ་གསེར་དང་བྱེ་མའི་ངང་ཚུལ་ཇི་ལྟ་བ་སྟེ། འུ་ཅག་གིས་ནན་ཏན་གྱིས་ཞིབ་འཇུག་བྱེད་པའི་འོས་ཤིན་ཏུ་ཆེ།
དོན་ཚན་གཉིས་པ། 《མི་ལ་རས་པའི་རྣམ་ཐར》
《མི་ལ་རས་པའི་རྣམ་ཐར》ནི་རྩོམ་རིག་གི་རོ་ཉམས་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཤིག་སྟེ། དེ་བོད་རིགས་ས་ཁུལ་དུ་དར་ཁྱབ་དང་ཤན་ཤུགས་ཆེ་བར་མ་ཟད། མི་རིགས་གཞན་གྱིས་ཀྱང་མཐོང་ཆེན་བྱེད་པས། སྔོན་མ་ནས་སོག་ཡིག་གི་འགྱུར་དང་། རྒྱ་ཡིག་གི་འགྱུར་དུམ་བུ་མ་ཞིག་ཡོད་ཅིང་། ཀྲུང་གོ་གསར་བ་བཙུགས་རྗེས་སྐུ་ཞབས་ཝང་དབྱི་ནོན(王沂暧)ཀྱི་འགྱུར་དང་། སྐུ་ཞབས་ལེའུ་ལི་ཆན(刘立千)གྱི་འགྱུར། སྐུ་ཞབས་ཀྲང་ཁྲིན་ཅིའི་(张澄基)འགྱུར་སོགས་སྔ་རྗེས་སུ་རྒྱ་ཡིག་གི་འགྱུར་ཆ་ཚང་བྱུང་བ་དང་། ཀློག་པ་པོའི་དགའ་བསུ་ཐོབ། དུས་མཚུངས་སུ། རྒྱལ་སྤྱིའི་སྟེང་དུ་བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་བཅས་ལ་ཞིབ་འཇུག་བྱེད་མཁན་རྣམས་ཀྱིས་མཐོང་ཆེན་པོ་བྱེད་ཅིང་།
དབྱིན་ཇི་དང་། ཧྥ་རན་སི། ཉི་ཧོང་བཅས་ཀྱི་སྐད་དུ་བསྒྱུར་ནས། འཛམ་གླིང་རང་བཞིན་གྱི་དོན་སྙིང་ལྡན་པའི་བརྩམས་ཆོས་ཤིག་ཏུ་གྱུར།
དེང་རབས་རྩོམ་རིག
རྩོམ་སྒྲིགབོད་ཀྱི་དེང་རབས་རྩོམ་རིག་ནི་སྐུ་ཞབས་ལྗང་བུ་དང་འཇུ་བཟང་ནས་མགོ་བརྩམས་པ་ཡིན། ད་ལྟ་མི་རབས་གསུམ་པ་ཞེས་པའི་རྩོམ་རིག་གི་ཚོགས་པ་བྱུང་ནས་དར་རྒྱས་སུ་བཏང་ཡོད། བོད་ནང་གི་བདུད་ལྷ་རྒྱལ་དང་ཕ་རན་སིའི་ཆོས་ཉིད་དབང་མོ་སོགས་ནི་བོད་ཀྱི་དེང་རབས་རྩོམ་རིག་ལ་ཞིབ་འཇུག་བྱེད་མཁན་ཡིན་ཡང་བདུད་ལྷ་རྒྱལ་གྱི་ལྟ་བར་མར་ཁེ་སིའི་རྩོམ་རིག་ལྟ་བའི་ཤན་ཞུགས་ཡོད་པར་ངོས་འཛིན།
ད་དུང་གཟིགས།
རྩོམ་སྒྲིགཟིན་ཐོ་འམ་དཔྱད་གཞི།
རྩོམ་སྒྲིགཕྱི་ཕྱོགས་དྲ་མཐུད།
རྩོམ་སྒྲིག- ↑ 《རྗེའི་རྣམ་ཐར་ཆེན་མོ》། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1981ལོར་དཔེ་སྐྲུན་བྱས་པ། p.11