བོད་ཀྱི་སྒྲུང་གཏམ།
འདི་ལ་གནའ་རབས་སྒྲུང་གཏམ་དང་དེང་རབས་སྒྲུང་གཏམ་གཉིས་སུ་དབྱེ་ཆོག གནའ་རབས་སྒྲུང་གཏམ་ནི་ཚིག་གི་ཐད་ནས་སྙན་ངག་གི་ཆ་ཤས་ཆེ་བ་དང་དོན་གྱི་ཐད་ནས་ཆོས་ཀྱི་ཆ་ཤས་ཆེ་བ་ཞིག་ཡིན་ལ། དཔེར་ན་མདོ་མཁར་བའི༼གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད༽ལྟ་བུའོ། གནའ་རབས་སྒྲུང་གཏམ་ལ་རྒྱ་གར་གྱི་རིག་བྱེད་གཏམ་རྒྱུད་དང་ཟློས་གར་གྱིས་ཤུགས་ཆེན་པོ་ཐེབས་ཡོད། དེང་རབས་སྒྲུང་གཏམ་ནི་དུས་རབས་ཉི་ཤུ་བར་དར་བ་ཞིག་སྟེ། འདི་ནི་ནུབ་ཕྱོགས་རྩོམ་རིག་དང་རྒྱ་ནག་གི་ཉེ་རབས་རྩོམ་རིག་ཤུགས་རྐྱེན་འོག་འཚར་ལོངས་བྱུང་བ་ཡིན། འདི་ལ་དངོས་ཡོད་མཐའ་དཔྱོད་རིང་ལུགས་པ་དང་སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་སོགས་གྲུབ་མཐའ་འགའ་ཡོད། བརྩམས་ཆོས་ལ༼ར་ལོ༽༼གླུ་སྐད་སྐྱ་བོ༽༼དངོས་པོ༽༼འཚུབ་མ་ཁེར་རྐྱང༽༼སྒོོ་ཁྱི༽༼རྣམ་ཤེས༽༼སྤྲུལ་སྐུ༽སོགས་ཡོད། 2009ལོའི་ལོ་འཇུག་ལ་རྩོམ་པ་པོ་ནག་པོ་སྐལ་བཟང་གི་ཉེན་རྟོག་བརྩམས་སྒྲུང་རིང་མོ་༼དམྱལ་ཟངས་ནང་ན་གུ་རེ་མེད༽ཅེས་པ་འཇལ་བྱུང་ལ། དེ་སྔོན་ཁོང་གིས་བྲིས་པའི་སྒྲུང་རིང༼ཀླུ་འབུམ་མི་རྒོད༽ཞེས་པ་ནི་དྲག་རྩལ་སྐོར་གྱི་བརྩམས་སྒྲུང་ཁྱད་པར་པ་ཞིག་རེད། དེ་བཞིན་སྤྱི་ཁྱབ་ནས་བོད་ཀྱི་བརྩམས་སྒྲུང་རིང་མོ་སྟེ་སྒྲུང་རིང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པ་རེད། འདི་ནི་བོད་ཀྱི་རྩོམ་རིག་གོང་འཕེལ་ཆེན་པོ་འགྲོ་བའི་རྟགས་ཤིག་རེད། རྒྱུས་ལོན་བྱས་པ་ལྟར་ན། རྩོམ་་པ་པོ་གྲགས་ཅན་དཔལ་འབྱོར་གྱི་སྒྲུང་རིང་༼གཙུག་གཡུ༽བྲིས་པའི་ཚུན་ལ་ྦོད་ཡིག་གིས་བྲཙམས་པའི་སྒྲུང་རིང་༢༠ལྷག་པར་དུ་བསྐྲུན་ཡོད་པ་རེད། དེ་དག་ནི་རེབ་གོང་རྡོ་རྗེ་མཁར་གྱི་སྒྲུང་རིང་༼རྨི་ལམ།༽དང་༼༻༻༻ཚེ་རིང་དོན་གྲུབ་ཀྱི་སྒྲུང་རིང་༼མེས་པོ༽དང་༼སྨུག་པ༽དང་༼རླུང་དམར་འུར་འུར༽ ༽ལྷག་པ་ཚེ་རིང་གི་སྒྲུང་རིང་༼དྲེལ་པའི་མི་ཚེ༽ བརྩམས་སྒྲུང་རིང་མོ་༼སྲིན་པོ་གཡུ་རྔོག་དང་ཉི་མ་ལྷ་ས༽ ལོ་རྒྱུས་སྒྲུང་རིང་ཡང་ཚེ་རྒྱལ་གྱི་༼ཐོན་མི་སྨབྷོཊ༽ ཚེ་བརྟན་རྡོ་རྗེའི་༼ཙོང་ཁའི་རྒྱལ་པོ༽