འོད་རིག་པ་ནི་དངོས་ཁམས་རིག་པའི་བྱེ་བྲག་ཅིག་ཡིན། གཙོ་བོ་འོད་ཀྱི་སྣང་ཚུལ་དང་། ངོ་བོ། བེད་སྤྱོད། ད་དུང་འོད་དང་དངོས་རྫས་བར་གྱི་ཕན་ཚུན་བྱེད་ནུས་དང་འོད་རིག་ཡོ་བྱད་བཟོ་བ་སོགས་ལ་ཞིབ་འཇུག་བྱེད། འོད་རིག་པས་རྒྱུན་པར་དམར་ཕྱིའི་འོད་ཐིག་དང་། མཐོང་ཐུབ་འོད། སྨུག་ཕྱིའི་འོད་ཐིག་བཅས་ཀྱི་དངོས་ལུགས་སྤྱོད་པ་ལ་ཞིབ་འཇུག་བྱེད། དེ་ཡང་འོད་ནི་གློག་སྡུད་རླབས་ཡིན་པས། གློག་སྡུད་རྩིབས་འཕྲོ་གཞན་པ་དེ། Xའཕྲོ་ཐིག་དང་། རླབས་ཕྲན། གློག་སྡུད་རྩིབས་འཕྲོ། སྐུད་མེད་གློག་རླབས་སོགས་ཚང་མར་འོད་དང་འདྲ་བའི་ཁྱད་ཆོས་ཡོད།

འོད་ཆུན་ཞིག་མཐའ་མཚུངས་གདོང་ཤེལ་ཞིག་ཏུ་འཕྲོས་ན། ལྡོག་འཕྲོ་དང་། དཀྱོག་འཕྲོ། རྒྱུ་འཕྲོ། མདོག་ཐོར་བཅས་འབྱུང་།

དུས་རྒྱུན་མཐོང་བའི་འོད་རིག་པའི་སྣང་ཚུལ་ཕལ་ཆེར་བ་རྨད་བྱུང་གློག་སྒུལ་ཤུགས་རིག་གི་གཞུང་ལུགས་ཀྱིས་འགྲེལ་རྒྱག་ཐུབ། ཡིན་ན་ཡང་། རྒྱུན་པར་གཞུང་ལུགས་འདི་རྣམས་དངོས་སུ་བཀོལ་ཤིན་ཏུ་དཀའ་བས་ཐོག་མར་དཔེ་དབྱིབས་མང་པོ་བསྐྲུན་དགོས། དབྱིབས་རྩིས་འོད་རིག་གི་དཔེ་དབྱིབས་ཤིན་ཏུ་སྟབས་བདེ་ཡིན་དེ། དེ་ཡིས་འོད་ནི་ དྲང་ཐིག་ལྟར་འགུལ་སྐྱོད་བྱེད་ཐུབ་པ་དང་བར་རྫས་མི་མཐུན་པར་ཐུག་དུས་ཁ་ཕྱོགས་འགྱུར་བའི་འཕྲོ་ཐིག་(འོད་ཐིག)ཅིག་ཏུ་ཆ་འཇོག་བྱས་ཡོད། དེ་ཡིས་འོད་དྲང་མོར་མཆེད་པ་དང་། ལྡོག་འཕྲོ། དཀྱོག་འཕྲོ་སོགས་སྣང་ཚུལ་མང་པོར་འགྲེལ་རྒྱག་ཐུབ། དངོས་ལུགས་འོད་རིག་གི་དཔེ་དབྱིབས་ཅུང་ཞིབ་ཚགས་ཡིན་དེ། དེ་ཡིས་འོད་ནི་བར་རྫས་ནང་མཆེད་པའི་རླབས་(འོད་རླབས)ཤིག་ལ་ངོས་འཛིན། དེ་ཡིས་ལྡོག་འཕྲོ་དང་། དཀྱོག་འཕྲོ་ལས་གཞན། ད་དུང་མཆེད་པ་དང་། རྐྱེན་ཐེབས། ཡོ་འདར་སོགས་ཀྱི་འོད་རིག་པའི་སྣང་ཚུལ་ལ་རླབས་ཀྱི་རང་བཞིན་གྱིས་འགྲེལ་རྒྱག་ཐུབ། དབྱིབས་རྩིས་འོད་རིག་གིས་འོད་རིག་པའི་སྣང་ཚུལ་ཅུང་དཀའ་མོ་འདི་དག་ལ་འགྲེལ་རྒྱག་མི་ཐུབ། ལོ་རྒྱུས་སྟེང་དུ། འོད་ཀྱི་འཕྲོ་ཐིག་དཔེ་དབྱིབས་སྔོན་ལ་འཕེལ་རྒྱས་འཐུས་ཚང་དུ་གྱུར་བ་དང་། དེ་ནས་འོད་ཀྱི་རླབས་འགུལ་དཔེ་དབྱིབས་གྲུབ་པ་རེད།

འོད་ཀྱི་སྣང་ཚུལ་མང་པོ་ཞིག་འོད་ཀྱི་རླབས་རྡུལ་སྣང་གཉིས་རང་བཞིན་ལ་འབྲེལ་བ་ཡོད། ཚད་རྡུལ་ཤུགས་རིག་ཁོ་ནས་སྣང་ཚུལ་འདི་རྣམས་ལ་འགྲེལ་རྒྱག་ཐུབ། ཚད་རྡུལ་ཤུགས་རིག་ཏུ། འོད་ནི་འོད་རྡུལ་བྱ་བའི་རྡུལ་གྱི་ཚོགས་པ་ཞིག་གིས་གྲུབ་པར་འདོད། ཚད་རྡུལ་འོད་རིག་གིས་ཆེད་དུ་ཚད་རྡུལ་ཤུགས་རིག་པས་འོད་རིག་པར་ཇི་ལྟར་འགྲེལ་རྒྱག་པ་ཞིབ་འཇུག་བྱེད།

འོད་རིག་པ་ཞིབ་ཏུ་དབྱེ་ན། འོད་ཀྱི་གཞུང་ལུགས་ལ་ཞིབ་འཇུག་བྱེད་པའི་ཚན་རིག་ལ་རྒྱུན་པར་འོད་རིག་པའམ་༼འོད་རིག་དངོས་ལུགས་༽ཟེར། ཉེར་སྤྱོད་འོད་རིག་ལ་རྒྱུན་པར་འོད་རིག་བཟོ་སྐྲུན་ཟེར། འོད་རིག་བཟོ་སྐྲུན་ནང་སྣང་གསལ་མ་ལག་དང་འབྲེལ་བ་ཡོད་པའི་ཁག་ལ་༼སྣང་གསལ་བཟོ་སྐྲུན་༽ཟེར། བྱེ་བྲག་རེ་རེར་བེད་སྤྱོད་སྟངས་དང་། ལག་རྩལ། གནད་ས། ཆེད་ལས་ཀྱི་འབྲེལ་བ་སོགས་ཀྱི་ཐད་མི་འདྲ་ས་མང་པོ་ཡོད། འོད་རིག་བཟོ་སྐྲུན་ཁྲོད་དུ། ཅུང་གསར་དུ་དར་བའི་སྐོར་ལ་ལྷན་དུ་འོད་རྡུལ་རིག་པ་ཟེར།

འོད་རིག་པ་འཚོ་བའི་ནང་རྒྱ་ཁྱབ་ཏུ་བཀོལ་བཞིན་ཡོད་པས། འོད་རིག་དངོས་ལུགས་དང་འོད་རིག་བཟོ་སྐྲུན་གཉིས་ཞིབ་འཇུག་བྱ་ཡུལ་དུ་མང་པོ་ཞིག་འདྲེས་ནས་ཡོད། འོད་རིག་ནི་གློག་རྡུལ་བཟོ་སྐྲུན་དང་། དངོས་ལུགས་རིག་པ། གནམ་རིག གསོ་རིག་སོགས་རིག་ཚན་མང་པོ་དང་འབྲེལ་བ་ཟབ། ཚན་རྩལ་གལ་ཆེན་མང་པོ་ཞིག་གི་ནང་འོད་རིག་པའི་ཞིབ་འཇུག་གི་གྲུབ་འབྲས་འདུས་ཡོད་དེ། མེ་ལོང་རྒྱུ་ཤེལ་ རྒྱང་ཤེལ་ ཕྲ་མཐོང་ཤེལ་ སྐུལ་འོད་ འོད་ཚིན་ འོད་འཕྲོ་སྣེ་གཉིས་སྦུ་གུ་ འོད་ཝོལ་སོགས་སོ།།

འོད་རླབས་ཕྱིར་འབྱིན་བཞིན་པའི་དཔེ་རིས།
འཇའ་རིས་དང་ལྡན་པའི་ཉི་འོད།
མོ་རྡུལ་གྱིས་རྐྱེན་པས་ཉི་འོད་གྲུབ་བཞིན་པ།
འོད་གྱི་རྩ་བའི་ཚོན་མདངས།

འོད་ཅེས་པ་ནི་རང་རེར་ཧ་ཅང་ཕན་ཐོགས་ཆེ་བའི་དངོས་པོ་ཞིག་རེད། འོད་ཅེས་པའི་དངོས་པོ་དེའི་ངོ་བོ་གང་ཡིན་སྐོར་ལ། ཚན་རིག་པ་འགའ་རེས་ photron ཞེས་པའི་རྡུལ་དུ་མ་འཕྱུར་བའི་ཆུ་རྒྱུན་ལྟ་བུ་ཞིག་ཡིན་པས་རྡུལ་གྱི་རང་བཞིན་ཡིན་ཞེས་གསུངས་པ་དང་། ཡང་གཞན་དག་གིས་གཡོ་བཞིན་རྒྱུ་བའི་རླབས་ཀྱི་རང་བཞིན་ཡིན་ཞེས་གསུངས་ཀྱིན་ཡོད་ཀྱང་། དེང་དུས་དངོས་ཁམས་ཚན་རིག་པ་མང་ཆེ་བས་རླབས་དང་རྡུལ་གཉིས་ཀའི་བྱེད་ལས་དང་ལྡན་ཞེས་འགྲེལ་བརྗོད་གནང་གིན་ཡོད་འདུག

འོད་ཅེས་པ་གང་ལས་འབྱུང་ཞེ་ན། འོད་མདངས་ཡིན་ནོ་ཅོག་ཨ་ཊོམ་གྱི་རྡུལ་ཕྲན་ལས་འབྱུང་བཞིན་ཡོད་པ་རེད། དེའི་ཚུལ་ནི་ཨ་ཊོམ་གྱི་རྡུལ་ཕྲན་ལ་ཕྱི་རོལ་ནས་ཚ་དྲོད་དང་འོད་ཕོག་པ་ན། ཨ་ཊོམ་གྱི་རྡུལ་དེ་དང་དེའི་ནང་འཁོར་ཡུག་ཏུ་འཁོར་བསྐྱོད་བྱེད་བཞིན་གནས་པའི་གློག་རྡུལ་ཞེས་པའི་མོ་རྡུལ་གྱིས་ཕྱི་རོལ་ནས་སྤྲད་པའི་ནུས་པ་འཇིབས་འཐེན་ཀྱི་ཡོད།

 
འོད་ཀྱི་ནུས་པའི་རེའུ་མིག

རྨད་བྱུང་འོད་རིག

རྩོམ་སྒྲིག

ཚད་རྡུལ་འོད་རིག་འཕེལ་རྒྱས་མ་བྱུང་བའི་སྔོན་ལ། འོད་རིག་པའི་གཞུང་ལུགས་གཙོ་བོ་ནི་རྨད་བྱུང་གློག་སྡུད་ར་བའི་གཞུང་ལུགས་དང་དེའི་འོད་རིག་པའི་ཁྱབ་ཁོངས་ཀྱི་ཟློས་མཐོ་ཉེ་མཚུངས་བྱ་བ་ཡིན། རྨད་བྱུང་འོད་རིག་ནི་རྩ་ལག་གཙོ་བོ་གཉིས་སུ་བགར་ཆོག་སྟེ། དབྱིབས་རྩིས་འོད་རིག་དང་དངོས་ལུགས་འོད་རིག་ཡིན།

དབྱིབས་རྩིས་འོད་རིག ཡང་ན་འཕྲོ་ཐིག་འོད་རིག་ཟེར། འོད་ཀྱི་མཆེད་ཚུལ་ཞིབ་བརྗོད་བྱེད། དབྱིབས་རྩིས་འོད་རིག་ཏུ། འོད་ནི་འཕྲོ་ཐིག་(འོད་ཐིག)ཅིག་ཏུ་ངོས་འཛིན། འོད་ཐིག་ནི་བར་རྫས་མི་མཐུན་པ་གཉིས་ཀྱི་མཚམས་སུ་མཆེད་ཕྱོགས་འགྱུར་བ་མ་ཟད། གནས་ས་དང་བསྟུན་ནས་དཀྱོག་འཕྲོའི་ཕྱོད་འགྱུར་བའི་བར་རྫས་ནང་གུག་འཁྱོག་བྱུང་བའི་སྣང་ཚུལ་ཡང་ཡོད། དབྱིབས་རྩིས་འོད་རིག་ནང་གི་འོད་ཐིག་ནི་རྟོག་བཏགས་ཀྱི་དངོས་པོ་ཞིག་ཡིན། དེའི་མདུན་སྐྱོད་ཀྱི་ཁ་ཕྱོགས་ནི་འོད་རླབས་ཀྱི་རླབས་མགོ་དང་དྲང་འཕྱང་ཡིན། དབྱིབས་རྩིས་འོད་རིག་གིས་འོད་ཐིག་ནི་འོད་རིག་མ་ལག་ཏུ་མཆེད་པའི་ཆོས་ཉིད་བསྟན་ནས། དོན་དངོས་ཀྱི་རླབས་མགོའི་གནས་ས་སྔོན་དཔག་བྱེད་ཐུབ། ཉམས་འཇོག་དགོས་ས་ཞིག་ལ། དབྱིབས་རྩིས་འོད་རིག་གིས་འོད་རིག་པའི་གཞུང་ལུགས་སླ་བསྡུས་བྱས་ཡོད་པས། འོད་རིག་འབྲས་སྣང་གལ་ཆེན་མང་པོར་འགྲེལ་རྒྱག་མི་ཐུབ། དཔེར་ན། སྐོར་འཕྲོ་དང་། ཡོ་འདར་ལྟ་བུ།

ཉེ་མདའ་ཉེ་མཚུངས་སམ་ཡང་ན་ཟུར་ཆུང་ཉེ་མཚུངས་ཀྱིས་དབྱིབས་རྩིས་འོད་རིག་ལྷག་ཏུ་སྟབས་བདེ་བཟོ་ཐུབ་པ་མ་ཟད། གྲངས་རིག་གི་ཐིག་གཤིས་ཅན་དང་ལྟོས་ཟླར་གྲུབ། ཉེ་མདའ་ཉེ་མཚུངས་ཀྱི་ཆ་རྐྱེན་འོག འོད་རིག་ལྷུ་ལག་དང་མ་ལག་ནི་ལིང་ཚེ་སྟབས་བདེས་མཚོན་ཐུབ། དེ་གཞིར་བཟུང་ནས་ཀོ་སི་འོད་རིག་དང་ཉེ་མདའ་འོད་ཐིག་རྗེས་འདེད་འཕེལ་རྒྱས་བྱུང་ནས། འོད་རིག་མ་ལག་གི་ཐེངས་གཅིག་ཁྱད་གཤིས་ཏེ། དཔེར་ན་ཉེ་མཚུངས་བརྙན་གྲུབ་དང་། དངོས་པོའི་གནས་ས། ཆེར་སྐྱེད་ལྡབ་ཕྱོད་སོགས་ཐག་གཅོད་པ་ཡིན། ཀོ་སི་འོད་ཆུན་ཀྱི་མཆེད་ཚུལ་ནི་ཉེ་མཚུངས་འོད་རིག་གི་རྒྱ་བསྐྱེད་ཡིན་པས། རྐྱེན་ཐེབས་མཆེད་ཚུལ་ལྷག་ཏུ་ཞིབ་ཚགས་ཞིབ་བརྗོད་བྱེད་ཐུབ། (དཔེར་ན་སྐུལ་འོད་འོད་ཆུན་ལྟ་བུ) སྔར་བཞིན་ཉེ་མདའ་ཉེ་མཚུངས་བེད་སྤྱོད་པ་ཡིན་ཡང་། ལག་རྩལ་འདི་ཡིས་སྐོར་འཕྲོ་ཁག་གཅིག་ཞིབ་བརྗོད་བྱེད་ཐུབ་ལ། སྐུལ་འོད་ཆུན་པོ་མཆེད་པའི་འགྲོས་ཕྱོད་དང་མཉམ་འདུས་ཆེ་ཆུང་ཆུང་ཤོས་ཡང་དག་པར་རྩིས་རྒྱག་ཐུབ་པས། ཀོ་སི་འོད་ཆུན་མཆེད་པའི་གཞུང་ལུགས་ཀྱིས་དབྱིབས་རྩིས་འོད་རིག་དང་དངོས་ལུགས་འོད་རིག་གཉིས་ཀྱི་སྦྲེལ་ཟམ་ལྟ་བུ་ཡིན།

དངོས་ལུགས་འོད་རིག ཡང་ན་རླབས་འགུལ་འོད་རིག་ཀྱང་ཟེར། ཧུའུ་ཀེན་སི་རིགས་པ་གཞིར་བཟུང་ནས་བཙུགས། འདུས་བསྲེས་རླབས་མགོ་ནི་འོད་རིག་མ་ལག་ཏུ་བརྒྱུད་པའི་དཔེ་དབྱིབས་བཙུགས་ཆོག ལག་རྩལ་འདི་ཡིས་རྩིས་འཁོར་གྲངས་ཀ་ཡིས་འདྲ་བཟོ་ལད་ཟློས་སམ་སྐོར་འཕྲོ་དང་། རྐྱེན་ཐེབས། ཡོ་འདར་ཀྱི་ཁྱད་གཤིས། བརྙན་ཁྱད་སོགས་འོད་རིག་པའི་སྣང་ཚུལ་དཀའ་མོ་རྣམས་རྩིས་རྒྱག་ཐུབ། སྔར་བཞིན་ཉེ་མཚུངས་ཐབས་བཀོལ་ཡོད་པས་དངོས་ལུགས་འོད་རིག་གིས་གློག་སྡུད་རླབས་གཞུང་ལུགས་ཀྱི་དཔེ་དབྱིབས་བཞིན་དུ་འོད་མཆེད་ཚུལ་ཡོངས་སུ་ཞིབ་བརྗོད་བྱེད་མི་ཐུབ། དོན་དངོས་ཀྱི་གནད་དོན་མང་པོའི་ཐད་ལ། གློག་སྡུད་རླབས་གཞུང་ལུགས་ཀྱི་དཔེ་དབྱིབས་ཆ་ཚང་གིས་རྩིས་བརྒྱབ་ན་ཤིན་ཏུ་དཀའ་བས། དེང་གི་སྤྱིར་བཏང་གི་རྩིས་འཁོར་སྲ་ཆས་ཀྱི་ཆ་རྐྱེན་ནང་བཀོལ་མི་གཏུབ། འོན་ཀྱང་ཚད་གཞི་ཆུང་བའི་གནད་དོན་ནི་རླབས་འགུལ་དཔེ་དབྱིབས་ཁ་ཚང་གིས་རྩིས་རྒྱག་ཐུབ།

རྨད་བྱུང་དངོས་ལུགས་ཀྱི་འབྲེལ་ཡོད་ཁྱབ་ཁོངས།

རྩོམ་སྒྲིག
 
འོད་ཐིག་ནི་གདོང་གསུམ་ཤེལ་དུ་མདོག་ཐོར་བྱུང་བའི་བློས་བསླངས་རི་མོ

ཉེ་རབས་འོད་རིག

རྩོམ་སྒྲིག

ཉེ་རབས་འོད་རིག་གི་འབྲེལ་ཡོད་ཁྱབ་ཁོངས།

རྩོམ་སྒྲིག

འོད་རིག་ཁྱབ་ཁོངས་གཞན་དག

རྩོམ་སྒྲིག

འོད་རིག་ཉེར་སྤྱོད།

རྩོམ་སྒྲིག

འཚོ་བའི་ནང་གི་འོད་རིག

རྩོམ་སྒྲིག

དཔྱད་གཞིའི་ཡིག་ཆ།

རྩོམ་སྒྲིག

1.光学:http://zh.wikipedia.org/wiki/光学

2.བོད་རྒྱ་དབྱིན་དངོས་ལུགས་རིག་པའི་མིང་མཛོད་གཟི་ཡི་ཕྲེང་བ།