རིན་ཆེན་སྒང་།
ས་སྐྱའི་བླ་བྲང་ཁག་བཞིའི་ནང་ནས་གཅིག་ཡིན། ཐོག་མར་དཔོན་ཆེན་མི་རབས་གཉིས་པ་ཀུན་དགའ་བཟང་པོས་བཏབ་ཅིང་། རྗེས་སུ་བདག་ཆེན་བཟང་པོ་དཔལ་བ་སྐུ་གཤེགས་རྗེས་སྲས་རྒྱུད་མང་བས་ཏི་ཤྲི་ཀུན་དགའ་བློ་གྲོས་ཀྱིས་སྲས་རྒྱུད་ཁག་བཞི་པོ་སོ་སོར་བླ་བྲང་རེ་བགོས་ནས་གནང་སྐབས་འཇམ་དབྱངས་དོན་ཡོད་རྒྱལ་མཚན་སྐུ་མཆེད་ལ་རིན་ཆེན་སྒང་བླ་བྲང་དང་ཤེལ་གྱི་དམ་ཁ་གནང་། དེ་ནས་རིན་ཆེན་སྒང་བླ་བྲང་གི་གདུངབརྒྱུད་བྱུང་། ལོ་རྒྱུས་ཞིབ་པ་བདག་ཆེན་ཨ་མེས་ཞབས་ཀྱི་མཛད་པའི《ས་སྐྱའི་གདུང་རབས་རིན་ཆེན་དབང་མཛོད》ནང་གསལ།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།