རྒྱལ་སྲིད་སྣ་བདུན་ཏེ་འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་བཅས་སོ། །སྤྱིར་རྒྱལ་པོ་ཙམ་ལ་རིན་ཆེན་སྣ་བདུན་མེད་ཀྱང་། འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་ཞེས་དེ་དག་རྒྱལ་སྲིད་ཐོག་མར་བཟུང་བ་ནས་རང་ཤུགས་ཀྱི་བྱུང་བར་བཤད་ཅིང་། དེའི་འགྲེལ་བཤད་སྐོར་ཀེའུ་ཚང་འཇམ་དབྱངས་སྨོན་ལམ་གྱི་མཛད་པའི《སྦྱོར་བའི་ཆོས་དྲུག་གི་ཟིན་བྲིས》ནང་གསལ། དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།