རིན་སྤུངས་པ་ཀུན་བཟང་པ།

ཡབ་རིན་སྤུངས་པ་ནོར་བུ་བཟང་པོའི་པོའི་སྲས་འདིས་གོང་མ་གྲགས་པ་འབྱུང་གནས་སྐུ་མཆེད་ཀྱི་ཞབས་ལ་གཏུགས་ཤིང་། ཡབ་མེས་ཀྱི་འཇའ་ས་དང་ལས་ཀ་བླངས་ཏེ་རིན་སྤུངས་པའི་རྫོང་དཔོན་མཛད་སྐབས་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཇིན་པ་ཀུན་མཁྱེན་སངས་རྒྱས་འཕེལ་དང་གོ་རམ་པ་བསོད་ནམས་སེང་གེ་དང་མཆོད་ཡོན་འབྲེལ་ཏེ་འབྲས་ཡུལ་སྐྱེད་ཚལ་གྱི་བཤད་གྲྭ་བཙུགས་ཤིང་། རྟ་ནག་ཐུབ་བསྟན་དགོན་འདེབས་པའི་མཐུན་རྐྱེན་ཡང་མཛད། འཁྲུངས་འདས་ཀྱི་ལོ་ཚིགས་དང་མཛད་རྣམ་ཞིབ་པ་མ་རྙེད།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།