རོག་ཤེས་རབ་རྒྱ་མཚོ།
(དོལ་བ་དམར་ཞུར་བ་ཡང་ཞུ)རྗེ་འདི་ཉིད་པོ་ཏོ་བའི་སློབ་མ་ཆེན་པོ་བརྒྱད་ཀྱི་ཡ་གྱལ་ཡིན། རབ་བྱུང་དང་པོའི་ས་ཕག(༡༠༥༩)ལོར་སྔགས་པ་ཡོན་ཏན་ཤིན་ཏུ་ཆེ་བ་གཅིག་གི་སྲས་སུ་སྐུ་འཁྲུངས། རབ་ཏུ་བྱུང་ནས་རོགས་མངོན་པ་བ་དང་། རྒྱ་འདུལ་འཛིན་གཉིས་ལ་མངོན་པ་དང་འདུལ་བ་གསན། པོ་ཏོ་བ་དགུང་ལོ་ཉེར་གཉིས་བར་བསྟེན། དེ་རྟིང་འགྲོ་དོན་རྒྱ་ཆེ་མཛད། ཚོགས་པ་ཡང་ཡང་གང་དུ་སྟོང་ལྷག་པ་བྱུང་ཟེར། རྗེ་འདི་ཉིད་ལ་འགྲོ་མགོན་ཕག་མོ་གྲུ་པས་ཆོས་འབྲེལ་གསན། མཐར་དགུང་ལོ་དོན་གསུམ་པ་རབ་བྱུང་གཉིས་པའི་ལྕགས་ཕག(༡༡༣༡)ལོར་སྐུ་གཤེགས།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།