རྡོ་རྗེ། ༼ས་གཤིས་རིག་པ་བ་༽

༄མཚོ་བོད་མཐོ་སྒང་ནས་གཏེར་མཛོད་ཕུན་སུམ་ཚོགས་པའི་སི་ཁྲོན་ཞིང་ཆེན་དང་། ཡང་བསྐྱར་རྒྱལ་ཁམས་གཞན་དུ་ཐེངས་གསུམ་ཙམ་གྱི་སློབ་གཉེར་ལམ་བུ་བརྒྱུད་བཞིན། ཕྱིའི་རྒྱལ་ཁབ་ཀྱི་རེ་བ་བཞིན་མ་བསྡད་པར་རང་རྒྱལ་དུ་སླར་ཡང་ཞབས་འདེགས་ཞུ་བར་ལོག་ཕེབས་ཡོང་། དང་པོ་གློག་བརྙན་སྟོན་མཁན་ཞིག་ནས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་བར། དེ་སྔོན་རང་རྒྱལ་ས་གཤིས་ཚན་རིག་གི་མཚན་སྙན་མཐོ་ཤོས་ལི་སི་ཀོང་ས་གཤིས་ཚན་རིག་གི་བྱ་དགའ་ཐོབ་མྱོང་ཡོད། ཁོང་ནི་རང་རྒྱལ་དུ་མཚན་སྙན་ཤིན་ཏུ་ཆེ་བའི་ས་གཤིས་བརྟག་དཔྱད་ཀྱི་ཆེད་ལས་མཁས་པ་རྡོ་རྗེ་ལགས་ཡིན། རྡོ་རྗེ་ལགས་ཁོང་ནི་སྤྱི་ལོ་༡༩༥༣ལོར་བོད་ལྗོངས་རྒྱ་ཚ་རྫོང་གི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་པ་ཡིན་ཞིང་། ལོ་ཉི་ཤུའི་སྐབས་སུ་རྫོང་གི་གློག་བརྙན་སྟོན་མཁན་ཞིག་ཏུ་གྱུར། ལས་ཀ་དེ་ནི་སྐབས་དེའི་ན་གཞོན་རྣམས་ཀྱི་ངོས་ནས་བརྗོད་ན་ཡིད་སྨོན་སྐྱེ་དགོས་པའི་ལས་ཀ་ཞིག་ཡིན་པ་རེད། འོན་ཀྱང་། རྡོ་རྗེ་ལགས་ཀྱི་སེམས་ཁོང་སུ་དེ་ལས་ཀྱང་ཆེ་བའི་ཕུགས་བསམ་ཞིག་ཡོད་པ་སྟེ། དེ་ནི་བོད་ལྗོངས་མ་ཡིན་པའི་ས་ཡུལ་གཞན་དུ་ལྟད་མོ་བལྟ་བར་འགྲོ་འདོད་པ་དང་སློབ་སྦྱོང་དང་། རིག་རྩལ་སྦྱོང་བ། སློབ་གྲྭ་ཆེན་མོར་འགྲོ་འདོད་པ་སོགས་ནི་ཁོང་གི་འདུན་པ་ཉག་ཅིག་ཡིན་པར་སེམས། སྟེས་དབང་སྟབས་ལེགས་ཤིག་ལ་རྡོ་རྗེ་ལགས་དང་། མཚོ་བོད་ཚན་ཞིབ་རུ་ཁག་གི་ཁོངས་མིའི་དབར་ཐོག་མའི་འབྲེལ་འདྲིས་བྱུང་ཞིང་། ཚན་ཞིབ་རུ་ཁག་གི་ལས་དོན་ཁག་ལས་ཁོང་གིས་ས་གཤིས་ཀྱི་འབྲེལ་ཡོད་ཤེས་བྱ་ཐོག་མར་ཤེས་རྟོགས་བྱུང་བ་རེད། ཁོ་ཚོས་རི་ཀླུང་བཅགས་ནས་མེས་རྒྱལ་འཛུགས་བསྐྲུན་བྱེད་པའི་སྙིང་སྟོབས་དང་བྱས་རྗེས་ཀྱིས་སེམས་འགུལ་དང་སྐུལ་མ་ཆེན་པོ་འཐེབས་ཤིང་། སེམས་ཁོངས་སུ་ས་གཤིས་རིག་པ་སྦྱོང་བའི་འདུན་པ་ཞིག་ད་གཟོད་འཆར་འགོ་ཚུགས། སྟབས་ལེགས་པ་ཞིག་ལ་གོ་སྐབས་བཟང་པོ་ཞིག་རང་བྱུང་ལྷུན་གྲུབ་ཏུ་འཆར་བ་རེད། ལོ་གཉིས་རིང་གློག་བརྙན་སྟོན་མཁན་གྱི་ལས་རིགས་བརྒྱུད། ལོ་༢༢སླེབས་པའི་རྡོ་རྗེ་ལགས་ལེ་དབར་སྟོང་ཆོད་པའི་ཁྲིན་ཏུའུ་ས་གཤིས་སློབ་གླིང་དུ་༼ད་ལྟའི་ཁྲིན་ཏུའུ་རང་བྱུང་དང་བཟོ་སྐྲུན་རིག་པའི་སློབ་ཆེན་༽སློབ་སྦྱོང་དུ་འོས་སྦྱོར་གནང་བ་རེད། ༡༩༧༨ལོར་ཕུལ་བྱུང་གི་སྦྱང་འབྲས་འོག་སློབ་ཐོན་བྱུང་ཞིང་། རྡོ་རྗེ་ལགས་བོད་ལྗོངས་ས་འོག་ཚ་ནུས་ས་གཤིས་རུ་ཆེན་དུ་ས་གཤིས་རྩད་ཞིབ་དང་ཚན་རིག་ཞིབ་འཇུག་གི་ཕྱག་ལས་གནང་། དཀའ་ངལ་ལ་གདོང་ལེན་ཐུབ་ཅིང་། ཞིབ་འཇུག་ལ་མཁས་པའི་རྡོ་རྗེ་ལགས་ཡུན་རིང་མ་སོང་བར་ལས་ཁུངས་གི་གཙོ་གནད་གསོ་སྐྱོང་བྱ་ཡུལ་དུ་གྱུར་ཞིང་། སྔ་རྗེས་སུ་དབྱི་ཐ་ལི་པི་ས་རྒྱལ་སྤྱིའི་ས་འོག་ཚ་ནུས་སློབ་གླིང་དང་། ཨ་རིའི་ཅ་ཀྲོའོ་སློབ་ཆེན་ལའོ་ལུན་སི་རྒྱལ་ཁབ་ཚོད་ལྟ་ཁང་དུ་ས་གཤིས་ཆེད་ལས་སློབ་སྦྱོང་བྱེད་པར་བཏང་པ་རེད། ཨ་རིར་སྡོད་རིང་། མཁས་དབང་དང་དགེ་རྒན་མང་དག་ཅིག་གིས་བོད་རིགས་གཞོན་ནུ་འདིའི་ཞིབ་འཇུག་གི་སྙིང་སྟོབས་དང་། ཚན་རིག་ལ་འཛིན་པའི་གཟབ་ནན་གྱི་རྣམ་འགྱུར་ལ་ཡིད་དབང་འཕྲོག་ཅིང་། ཨ་རིར་ལས་ཞུགས་བྱ་བའི་སྐུལ་མ་བྱས་པ་རེད། གནམ་གྲུར་མ་འཛེགས་གོང་གི་སྐར་མ་ཁ་ཤས་གོང་དུ་ཡང་ཨ་རིའི་ཆེད་ལས་མཁས་པས་ཡང་ཡང་བཞུགས་རྒྱུའི་རེ་ཞུ་གནང་བ་རེད། སེམས་རྩ་འཁོལ་པོའི་རེ་འདུན་དེ་འདྲར་རྡོ་རྗེ་ལགས་ཁོང་གིས་ཐེ་ཚོམ་སྤུ་ཙམ་མེད་པར་ཁས་ལེན་མི་བྱས་པར། ངའི་རྩ་བ་མེས་རྒྱལ་དུ་ཡོད་ལ་མེས་རྒྱལ་ལ་ང་རང་དགོས་མཁོ་ཡོད་ཅེས་བཤད་པ་རེད། ༺ཞོགས་པ་མོག་མོག་འཁྱེར་ནས་རིར་འཛེགས་པ་དང་། ཕྱི་དྲོ་རྡོ་འཁྱེར་ནས་གུར་དུ་ལོག་པ༻ ནི་བོད་ལྗོངས་ས་གཤིས་ལས་དོན་པའི་འཚོ་བ་དངོས་ཡིན་ཞིང་། རྡོ་རྗེ་ལགས་ཁོང་ནི་རྩད་ཞིབ་རུ་ཆུང་གི་སྔོན་སྐྱོད་རུ་ཁག་ཡིན་པས། རྟག་ཏུ་མི་བཞི་ལྔ་རྒྱ་མཚོའི་ངོས་ལས་མཐོ་ཚད་རྨིད་བཞི་སྟོང་ལྔ་སྟོང་ཙམ་གྱི་ལ་རྩེར་གུར་ཕུབས་ནས་ཟླ་བ་དྲུག་བདུན་ཙམ་སྡོད་དགོས་ཡོད་པ་རེད། བཟའ་མ་ནི་རྡོག་ཐོན་མ་བྱས་གོང་ནས་གྲ་སྒྲིག་བྱས་པའི་ཤ་བསྙལ་མ་དང་། ལ་ཕུག ཞོག་ཁོག་སོགས་ཡིན་པ་རེད། མིག་གི་མཐོང་བའི་སར་ཕྱུགས་ཟོག་མེད་ལ་མི་དུད་ནི་དེ་བས་ཀྱང་རིག་རྒྱུ་མེད་པ་མེད། རྡོ་རྗེ་ལགས་གིས་གསུངས་པར། ས་གཤིས་རིག་པའི་ངོ་མཚར་གྱི་གནས་ནི། ཞོགས་པ་སྒོ་ཐོན་རིམ་བཞིན་སེམས་ཁོངས་སུ་གསང་བ་བརྟོལ་ཐུབ་པའི་སྒུལ་ཤུགས་ཤིག་སྐྱེས་བཞིན། དཀའ་བ་དང་ངལ་དུབ་ཇི་ལྟར་འཕྲད་ཀྱང་སེམས་ནང་དུ་རེ་བ་ཞིག་སྔར་མུས་སུ་བསྡད་ཡོད་ཅེས་གསུངས་གི་ཡོད་པ་རེད། ཕྱི་རོལ་དུ་ས་གཤིས་རྩད་ཞིབ་བྱེད་ཡུན་རིང་། རྡོ་རྗེ་ལགས་ཀྱིས་ཉེན་ཁ་དང་། ངལ་བ་གྲངས་མེད་ཁྱད་གསོད་བྱས་ཡོད་དེ། མི་མེད་ལུང་སྟོང་དུ་རང་ཉིད་ཁེར་རྐྱང་སྡོད་པ་དང་། གངས་རིར་འཛེགས་སྐབས་མིག་གཉིས་གངས་ཕྱིད་ཐེབས་པའི་སྡུག་བསྔལ། རི་མགོ་ནས་འགྱེལ་རིལ་ཤོར་བའི་ན་ཟུག རི་ཉིལ་བའི་ཞེད་སྣང་དང་དངངས་སྐྲག་སོགས་མྱོང་དགོས་ཀྱི་ཡོད་པ་རེད། ༡༩༩༦ལོར་རྡོ་རྗེ་ལགས་ཁོང་གིས་སྲོག་གི་ཉེན་ཁར་བསྡོངས་ནས་ལས་འགན་དང་ལེན་ཞུས་ཡོད་དེ། ཡངས་པ་ཅན་གྱི་Zk༤༠༠༡དྲོད་ཚད་མཐོ་བའི་ཁྲོན་པ་འདྲུ་བའི་ཇུས་འགོད་ནང་བཞུགས་པ་དང་། རྩད་ཞིབ་ཀྱི་ལས་འགན་ལྗིད་པོ་འཁུར་ཡོད། སྔ་རྗེས་ཀྱི་ཨར་བསྐྲུན་ཁྲོད་ཁྲོན་པ་བརྡོལ་བའི་ཉེན་ཁ་དང་། གཏིང་རིང་བས་ཚ་དྲོད་ཆེ་བ། ས་རྒྱུའི་རིམ་པ་ཧྲུག་ཆགས་འགྲོ་བ་སོགས་ལག་རྩལ་ཐོག་གི་དཀའ་ངལ་མང་དག་ཅིག་ཁྱད་གསོད་བྱས་ནས་ལས་གྲྭའི་དཀའ་ངལ་མང་དག་འགག་སྒྲོལ་བྱས་ཡོད། ཡངས་པ་ཅན་གྱི་དྲོད་ཚད་མཐོ་བའི་ཁྲོན་པ་དེ་མིག་སྔར་རྒྱལ་ནང་དུ་དྲོད་ཚད་མཐོ་ཤོས་དང་། རྒྱུག་ཤུགས་ཆེ་ཤོས་ཀྱི་སྔོག་འདོན་ཆོག་པའི་ས་འོག་ཚ་ནུས་ཁྲོན་པ་ཞིག་ཡིན་ཞིང་། རང་རྒྱལ་དུ་ཁྲོན་པ་རྐྱང་པ་ནས་ལྦ་ཁྲི་སྟོང་རིམ་པའི་ས་འོག་ཚ་ནུས་ཀྱི་ཁྲོན་པ་མེད་པའི་ལོ་རྒྱུས་ཡང་མཇུག་སྒྲིལ་བ་རེད། མངོན་གསལ་དོད་པའི་བྱས་རྗེས་ཆེན་མོ་བཞག་པའི་རྐྱེན་གྱིས། རྡོ་རྗེ་ལགས༢༠༠༡ལོར་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ལ་བསྐོ་བཞག་གནང་བས་བོད་ཀྱི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཨང་དང་པོར་གྱུར་བ་རེད། རང་ཉིད་ཀྱི་འཚར་ལོངས་ལ་ཆ་མཚོན་ན། རྡོ་རྗེ་ལགས་ཁོང་གིས་རྟག་ཏུ་དྲིན་ཚོར་བྱ་ཞིང་། དེ་ནི་ཏང་དང་རྒྱལ་ཁབ་ཀྱིས་རང་ཉིད་ལ་མུ་མཐུད་དུ་སློབ་སྦྱོང་དང་། ལས་དོན་གཉེར་བའི་གོ་སྐབས་བཟང་པོ་ཞིག་གནང་བ་ཡིན་ལ་སློབ་ཆེན་ནས་བཟོ་སྐྲུན་ཁང་གི་ཡོན་ཧྲི་མ་སླེབས་བར་ཏང་དང་རྒྱལ་ཁབ་ཀྱི་གསོ་སྐྱོང་དང་ཁ་བྲལ་ཐབས་གཏན་ནས་མེད་ཅེས་གསུངས་ཀྱི་ཡོད་པ་རེད།༼ཤིན་ཧྭ་གསར་འགྱུར་ཁང་ནས་གསར་འགྱུར་སྤེལ་གསལ།༽

རྡོ་རྗེ། ༼ས་གཤིས་རིག་པ་བ་༽
མིང་།རྡོ་ རྗེ
སྐྱེས་པའི་ཟླ་ཚེས་Template:Br separated entries
སྐྱེ་ས།ཀྲུང་གོ Edit this on Wikidata
ཤི་བའི་ཚེས་གྲངས་Template:Br separated entries
རྒྱལ་ཁོངས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། Edit this on Wikidata
མ་ཡུམ་སློབ་གྲྭ་Chengdu University of Technology Edit this on Wikidata
ལས་རིགས།geologist Edit this on Wikidata
Template loop detected: Template:Infobox person/Wikidata