ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།རྩོམ་སྒྲིག་བྱེད་བཞིན་པ།(རྒྱ་ཡིག: 中华人民共和国)ཨེ་ཤ་ཡ་ཤར་མའི་རྒྱལ་ཁབ་ཅིག་ཡིན།

སྐར་ལྔའི་དར་དམར(五星红旗)

མིང་གི་འབྱུང་ཁུངས།

རྩོམ་སྒྲིག

འདི་ཐོག་མར་ལེགས་སྦྱར་གྱི་སྐད་ནས་བྱུང་བར་བཤད། གནའ་བོའི་ལེགས་སྦྱར་གྱི་སྐད་དུ་རྒྱ་ནག་ལ་ ཞེས་འབོད་ཀྱིན་འདུག འདི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་བའི་ནང་གི་འབོད་སྟངས་རེད་ལ། དེང་སྐབས་རྒྱ་ནག་ལ་དབྱིན་སྐད་དུ་ ཞེས་འབོད་པའི་ཁུངས་ངོ་མ་ཡང་འདི་པར་ཤི་ཡའི་སྐད་ཡིག་ ནས་བྱུང་བ་དང། འདི་ལྟར་ཐོགས་དོན་ནི་རྒྱ་ནག་གི་གོང་མའི་རྒྱལ་བརྒྱུད་དང་པོ་ཆིན་ཞེས་པ་དེ་ཡིན་ལ། རྒྱ་གར་གྱི་ཀློག་ལ་ ཞེས་མཆེད་པར་བཤད། དེ་ནས་རྒྱ་ནག་གི་འདབས་འབྲེལ་རྒྱལ་ཁབ་ཉི་ཧོང་བ་རྣམས་ཀྱིས་རྒྱ་ནག་ལ་ (སི་ན་) དང་ (ཤི་ན་) ཞེས་འབོད་པ་རེད། དེང་སྐབས་དྲ་ཚིགས་གྲགས་ཅན་ཞིག་གི་མིང་ལ་ཞེས་བཏགས་ཡོད་པ་ལྟ་བུ་རེད། བོད་སྐད་དུ་རྒྱ་ཟེར་བའི་གོ་དོན་ནི་ཐག་རིང་དང་ཞེང་ཁ་ཆེན་པོ་ཡོད་པའི་དོན་ཡིན། ནམ་རྒྱུ་གོས་མདོག་ནག་པོ་གྱོན་པ་ཤས་ཆེ་བས་སོ། དེང་གི་ཆར་ཀྲུང་གོ་ཞེས་འབོད་པ་ནི་དབུས་ཀྱི་རྒྱལ་ཁབ་མཚོན་པའི་དོན་ཡིན།

རྒྱལ་རབས་ལོ་རྒྱུས།

རྩོམ་སྒྲིག

ཀྲུང་གོའི་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་ཞིབ་ཕྲ་འདིར་གཟིགས་རོགས།

ཕྱིའི་སྣོད་བཅུད།

རྩོམ་སྒྲིག

རྒྱལ་ཁབ་ཀྱི་ས་མཚམས་དང་འབྲེལ་བ།

རྩོམ་སྒྲིག

ཀྲུང་གོ་ནི་སྐམ་སའི་ཐོག་མཐའ་མཚམས་རིང་ཤོས་ཡོད་པའི་རྒྱལ་ཁབ་ཞིག་དང། རིང་ཚད་ལ་སྤྱི་ལེ་ ༢༢༡༡ ཙམ་ཡོད། རྒྱལ་ཁབ་བཅུ་བཞི་དང་ས་མཚམས་སྦྲེལ་ཡོད། ཤར་ལྷོ་མཚམས་སུ་ཝིཏི་ནམ།ལའོ་སུ། འབར་མ་དང། ལྷོ་ཕྱོགས་སུ་རྒྱ་གར། འབྲུག་ཡུལ། འབལ་ཡུལ། པ་ཀི་སི་ཐན ནུབ་ཕྱོགས་སུ་ཨ་ཧྥུའུ་རྒན་སི་ཐན། ཐ་ཇི་ཁེ་སི་ཏན། ཀེ་རེ་གེཛུ་སུཏེན། ཀཛ་ཀིསུ་གཏན། བྱང་ཕྱོགས་སུ་སོག་ཡུལ་དང། ཨུ་རུ་སུ། བྱང་ཤར་འཚམ་སུ་བྱང་ཀོ་རི་ཡ། ད་དུང་མཚོ་ཐོག་གི་ས་འཚམ་སྦྲེལ་གནས་པ་ནི་ ལྷོ་ཀོ་རི་ཡ། ཉི་ཧོང། ཕི་ལི་པིན། ཝིཏི་ནམ། ཐེ་ཝན་བཅས་ཡིན།

རང་བྱུང་གི་ཕྱིའི་བཀོད་པ།

རྩོམ་སྒྲིག
 
རང་བྱུང་གི་ཕྱིའི་བཀོད་པ།

ཀྲུང་གོའི་སའི་ཆགས་ཚུལ་ནི་འཕྲེད་ཐིག་ ༡༨° ནས ༥༤° N བར་དང། གཞུང་ཐིག་ཤར་མ་ ༧༣° ནས་ ༧༣° བར་ཡིན། ཤར་ཕྱོགས་སུ་ཤར་རྒྱ་ནག་རྒྱ་མཚོ་དང། རྒྱ་མཚོ་སེར་པོའི་མཐའ་ཁོབས་སུ་མི་འབོར་ཧ་ཅང་གི་མང་བའི་ཁུལ་དང། ས་གཤིས་ཀྱང་ཧ་ཅང་གི་བཟང་པོ་ཡོད། བྱང་ཕྱོགས་ཁུལ་དུ་ནང་སོག་གི་ཡངས་ཤིང་རྒྱ་ཆེ་བའི་རྩ་ཐང་གི་ཁྱབ་པ་དང། ཀྲུང་གོའི་ལྷོ་ཕྱོགས་ནི་རི་རྒྱུད་ཆུང་གྲས་ཁ་ཅིག་གི་ཁྱབ་ཡོད། དབུས་ཤར་ཁུལ་དུ་ཆུ་ཆེན་ཁ་ཅིག་གི་ཆུ་འབབ་ཁུལ་འཁེལ་ཡོད། མ་ཟད་ཡར་ཀླུང་གཙང་པོ་དང། སེང་གེ་གཙང་པོ། གླང་ཆེན་གཙང་པོ། སོགས་ཁ་འབབ་རྣམ་བཞི་དང། འབྲི་ཆུ། རྨ་ཆུ། རྒྱལ་མོ་རྔུལ་ཆུ་སོགས་འཛམ་གླིང་གི་མི་འབོར་ཕྱེད་ཀ་ཙམ་ལ་ཉེ་བར་འཁོ་བའི་ཆུ་ཆེན་ཁག་མཚོ་བོད་ས་མཐོ་བརྒྱུད་རྒྱ་གར། རྒྱ་ནག། སོགས་ལ་རྒྱུག་བཞིན་ཡོད། ཧི་མ་ལ་ཡའི་རི་རྒྱུད་ནི་འཛམ་གླིང་ཐོག་གི་ཆེས་མཐོ་བའི་རི་རྒྱུད་མང་དག་ཞིག་གི་རྟེན་གནས་ཡིན། ཇོ་མོ་གླང་མ་ནི་བལ་ཡུལ་དང་བོད་གཉིས་ཀྱི་ས་འཚམ་སུ་ཡོད་པ་དང། དེ་མིན་གི་མཐོ་ཚད་རྨིད་༨༠༠༠ བརྒལ་བའི་རི་ཆེན་ཁག་བཅུ་ཙམ་ཡོད། ཏུར་ཕན་གཤོངས་ Turpan Depression. ཁུལ་གི་ཨའི་ཏིང་མཚོ་སྐམ་ Ayding Lake (−154m) ནི་རྒྱལ་ཁབ་གི་ཆེས་དམའ་ཤོས་གི་ས་ཁུལ་དང། འཛམ་གླིང་གི་ཆེས་དམའ་ཤོས་གསུམ་པར་སླེབས་ཀྱི་ཡོད།

ནམ་དུས་སྐོར།

རྩོམ་སྒྲིག
 
ནམ་དུས་ཀྱི་ས་ཁྲ།

ཀྲུང་གོའི་ནམ་དུས་ནི་ཕལ་ཆེ་བ་དང་སྐམ་ཤས་ཆེ་བའི་ནམ་དུས་དང། ཡང་ན་ཆར་ཤོད་ཆེ་བའི་ནམ་དུས་ཀྱི་དབང་ཡོད། དེར་བརྟེན་དབྱར་དུས་དང་དགུན་དུས་བར་དྲོད་ཚད་ཁྱད་པར་ཆེན་པོ་ཡོད། དགུན་དུས་སྐབས་བྱང་ཕྱོགས་ནས་ཡོང་བའི་མཐོ་སྒང་གི་ལྷགས་རླུང་ནི་གྲང་ངར་དང་སྐམ་ཤས་ཆེ་ཙམ་ལྡན། དབྱར་དུས་སྐབས་ལྷོ་ཕྱོགས་ནས་ཡོང་བའི་མཐའ་ཁོབས་ཁུལ་གྱི་ལྷགས་རླུང་ནི་རླན་གཤེར་དང་དྲོད་ཆེ་ཙམ་ལྡན། སྤྱིའི་ཆ་ནས་ཀྲུང་གོའི་ཕྱིའི་ཆགས་དབྱིབས་རྙོག་འཛིངས་ཆེ་བས་ཁྱོན་ཡོངས་གི་ནམ་དུས་ནི་ཁྱད་དཔག་ཧ་ཅང་ཆེ། ཁོར་ཡུག་གི་གནད་དོན་ཆེ་ཤོས་ནི་བྱེ་ཐང་རིམ་བཞིན་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང། དམིགས་བསལ་གི་གྰོ་པི་བྱེ་ཐང། དེ་མིན་ཧི་མ་ལ་ཡའི་ཁུལ་དུ་འཁྱགས་རོམ་ཤུགས་ཆེ་བཞུར་བཞིན་ཡོད་པ་དང། གྲོང་ཁྱེར་ཆེ་ཁག་གི་རླུང་འབག་འཙོག་ཅན་དུ་འགྱུར་བ། རྒྱུག་ཆུ་མང་དག་ཞིག་ཀྱང་འབག་འཙོག་ཅན་དུ་འགྱུར་བཞིན་པ། ས་བརྡིབས་སོགས་ཧ་ཅང་མང་དག་ཞིག་ཐོན་བཞིན་ཡོད།

སྐྱ་དངོས་སྣེ་མང།

རྩོམ་སྒྲིག
 
དོམ་ཁྲ།

ཀྲུང་གོ་ནི་སྐྱེ་དངོས་སྣེ་མང་ཧ་ཅང་གི་ཆེ་བའི་རྒྱལ་ཁབ་བཅུ་བདུན་ནས་གཅིག་ཡིན། ཀྲུང་གོར་ཁྱོན་ སྲོག་ཆགས་དང་རྩེ་ཤིང་རིགས་མི་འདྲ་བ་ ཙམ་ཡོད། འཛམ་གླིང་ཐོག་གི་ཆེས་མང་ཤོས་གསུམ་པར་སླེས་ཀྱི་ཡོད། དེ་མིན་སྐྱ་དངོས་རིགས་ཆེས་མང་ཤོས་གཞན་གཉིས་ནི་ སྦར་ཛིལ་དང་ཀོ་ལོམ་བི་ཡ་ཡིན། ཀྲུང་གོ་ནི་ནུ་གསོས་སེམས་ཅན་རིགས་ ༥༥༡ ཙམ་དང། བྱ་རིགས་ ༡༢༢༡ འགོག་འགྲོའི་སྲོག་ཆམས་རིགས་ ༤༢༤ ས་ཆུ་གཉིས་སྤྱོད་ཀྱི་སྲོག་ཆགས་རིགས་ ༣༣༣ སོགས་ཀྱི་ཁྱིམ་གཞིས་ཡིན། འོན་ཀྱང་ཀྲུང་གོ་ནི་འཛམ་གླིང་གི་ཆེས་མི་འབོར་མང་ཤོས་གི་རྒྱལ་ཁབ་ཞིག་ཡིན་པས། གཉམ་གནས་བྱེད་རྒྱུ་ནི་ཧ་ཅང་གི་དཀའ་ཚེགས་ཆེ་བ་ཞིག་ཡིན། ཉུང་མཐར་ཡང་སྲོག་ཆགས་རིགས་ ༨༤༠ ཙམ་སྟོང་ལ་ཉེ་བའི་གནས་ལ་སླེབས་ཡོད། དེ་མིན་རྔོན་རྒྱག་པ་དང། སྤུ་རིགས་ སྲོལ་རྒྱུན་སྨན་སྦྱོར་སོགས་ཆེད་མིའི་བྱ་སྤྱོད་མང་པོས་སྲོག་ཆགས་གི་འཇིག་རྟེན་ཁམས་ལ་གནོད་འཚེ་ཆབས་ཚེན་བཟོ་བཞིན་ཡོད། ༢༠༠༥ རྗེས་སྟོང་ལ་ཉེ་བའི་སྲོག་ཆགས་རྣམས་རྒྱལ་ཁབ་གི་ཁྲིགས་ལུགས་བཞིན་སྲུང་སྐྱོབ་བྱེད་བཞིན་ཡོད། རང་བྱུད་སྲུང་སྐྱོབ་ཁུལ་ ༢༣༤༩ ཡོད་པ་འདི་རྒྱལ་ཁབ་གི་སའི་རྒྱ་ཁྱོན་བརྒྱ་ཆ་ ༡༥ ཟིན་ཡོད།
ཀྲུང་གོར་ཁྱོན་རྩ་བུག་གི་རྩེ་ཤིང་ ཙམ་ཡོད། ཚ་ཡུལ་ནགས་ཤིང་གི་དབུས་དང་ལྷོ་ཕྱོགས་སུ་ཁྱབ་ནས་ཡོད། རྒྱན་ལྗང་གི་ནགས་ཤིང་ཡང་ཧ་ཅང་གི་འབོར་ཆེན་ཡོད། ཤ་མོ་དང་མོག་རོའི་རིགས་ ༡༠༠༠༠ ཙམ་དང། རྩེ་ཤིང་ནགས་ཚལ་རིགས་༡༠,༠༠༠ ཙམ་ཡོད།

ཆབ་སྲིད།

རྩོམ་སྒྲིག

འཛིན་སྐྱོང་ས་ཁུལ།

རྩོམ་སྒྲིག

ཀྲུང་ཧྭ་མི་འམངས་སྤྱི་མཐུན་རྒྱལ་ཁབ་གི་མངའ་ཁོངས་སུ་ཞིང་ཆེན་ ༢༢ དང། གྲང་ཉུང་མི་རིགས་ཁག་གི་ཆེད་དུ་རང་སྐྱོང་ལྗོངས་ལྔ། ཐད་ཀར་སྲིད་འཛིན་ས་ཁུལ་བཞི། རང་སྐྱོང་གི་ཁེ་དབང་ཆ་ཙམ་ཡོད་པས་དམིགས་བསལ་སྲིད་འཛིན་ས་ཁུལ་གཉིས་བཅས་ཡོད། དེ་དག་ལས་ཞིང་ཆེན་ ༢༢ དང་ རང་སྐྱོང་ལྗོངས་ལྔ། ཐད་ཀར་སྲིད་འཛིན་ས་ཁུལ་བཞི་བཅས་ཁྱོན་ལ་ཀྲུང་གོའི་སྐམ་ས་ཆེན་མོ་ཞེས་འབོད། འདིའི་ཁོངས་ཤང་ཀང་དང་ཨོ་མན་གཉིས་ཚུད་ཀྱི་མེད། འོན་ཀྱང་ཐེ་ཝན་ནི་རང་སྲིད་རང་སྐྱོང་གི་རྙོག་འཛིངས་ཆེ་བའི་ཆབ་སྲིད་ཀྱི་ཆ་ཤས་ཞིག་ཡིན།

 ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས།བོད་རང་སྐྱོང་ལྗོངས།མཚོ་སྔོན་ཞིང་ཆེན།ཀན་སུའུ་ཞིང་ཆེན།སི་ཁྲོན་ཞིང་ཆེན།ཡུན་ནན་ཞིང་ཆེན།ཉིང་ཤ་ཧུའི་རིགས་རང་སྐྱོང་ལྗོངས།ནང་སོག་རང་སྐྱོང་ལྗོངས།ཧྲའན་ཞི་ཞིང་ཆེན།ཁྲུང་ཆིང་གྲོང་ཁྱེར།ཀུད་ཀྲོའུ་ཞིང་ཆེན།ཀོའོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས།ཧྲན་ཞི་ཞིང་ཆེན།ཧའོ་ནན་ཞིང་ཆེན།ཧུའུ་པེ་ཞིང་ཆེན།ཧུའུ་ནན་ཞིང་ཆེན།ཀོང་ཏུང་ཞིང་ཆེན།ཧོ་ནན་ཞིང་ཆེན།ཧའོ་པེ་ཞིང་ཆེན།ཧའེ་ལུང་ཅང་ཞིང་ཆེན།ཅི་ལིན་ཞིང་ཆེན།ལའུ་ཉིང་ཞིང་ཆེན།པེ་ཅིང་གྲོང་ཁྱེར།ཐན་ཅིན ་གྲོང་ཁྱེར།ཧྲན་ཏུང་ཞིང་ཆེན།ཅང་སུའུ་ཞིང་ཆེན།ཨན་ཧུའེ་ཞིང་ཆེན།ཧྲང་ཧའེ་གྲོང་ཁྱེར།ཀྲེ་ཅང་ཞིང་ཆེན།ཅང་ཤིའི་ཞིང་ཆེན།ཧྥུའུ་ཅན་ཞིང་ཆེན།ཧོང་ཀོང་།ཨོ་མན།ཐེ་ཝན།

དཔལ་འབྱོར།

རྩོམ་སྒྲིག

སྤྱི་ལོ་ ༢༠༡༣ ནས་བཟུངས་ཀྲུང་གོ་ནི་འཛམ་གླིང་གི་དཔལ་འབྱོར་ཨང་རིམ་གཉིས་པར་སླེབས་ཡོད། རྒྱལ་སྤྱིའི་དངུལ་ཚད་གཏན་འབེབ་ཁང་ནས་གསལ་སྟོན་བྱས་པར་གཞིགས་ན་ཁྱོན་ཨ་སྒོར་ཐེར་འབུམ་ $༩.༤༦༩ ཙམ་གྱི་རྒྱལ་ཡོངས་ཐོན་བསྐྱེད་རྩ་འབོར་ཡོད། ཉོ་སྒྲུབ་ནུས་པའི་དོ་མཉམ་ (PPP) གཞིར་ན་ཨ་སྒོར་ $༡༦.༡༤༩ ཀྲུང་གོ་ནི་ཨ་རི་ཕུད་པའི་འཛམ་གླིང་ཨང་རིམ་གཉིས་པ་ཡིན། ཆ་སྙོམས་གྱི་རྒྱལ་ཡོངས་ཐོན་བསྐྱེད་རྩ་འབོར་ནི་ཨ་སྒོར་$༦,༩༥༩. ཙམ་ཡིན་པས་འཛམ་གླིང་གི་ཨང་རིམ་དགུ་བཅུ་ཙམ་དུ་སླེབས་ཀྱི་ཡོད།

དཔལ་འབྱོར་གྱི་ལོ་རྒྱུས་དང་འཕེལ་རྒྱས།

རྩོམ་སྒྲིག
 
ཧྲང་ཧེ་རྒྱལ་སྤྱིའི་ཁྲོམ་ལམ།

སྤྱི་ལོ་ 1949 ནས་བཟུང་1978 ཀྱི་ལོ་མཇུག་བར་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་ཨུ་རུ་སུའི་ལམ་ལུགས་ལྟར་དབུས་གཞུང་གི་འཆར་འགོད་དཔལ་འབྱོར་ལམ་ལུགས་ཡིན། མའོ་འདས་གྲོངས་སུ་ཕྱིན་པའི་རྗེས་དང་རིག་གནས་གསར་བརྗེ་ཡང་མཇུག་སྒྲིལ་བའི་སྐབས་བསྟུན་ ཏིང་ཞའི་ཕིན་དང་ཀྲུང་གོའི་འཛིན་སྐྱོང་འགོ་འཁྲིད་གསར་པ་རྣམས་ཀྱིས་འགྱུར་བཅོས་སྒོ་དབྱེ་ཡི་ལམ་བུ་གཏོད། ཁྲོམ་རྭའི་དགོས་མཁོ་མཐུན་པའི་མཉམ་འགྲོད་དཔལ་འབྱོར་ལམ་ལུགས་གྱི་ཕྱོགས་སུ་བསྐྱོད་སྒོ་བཙུགས། དེ་མིན་གཞུངཁོངས་ས་ཁང་མང་དག་ཅིག་ཀྱང་སྒེར་བདག་ཅན་དུ་སྒྱུར་ཡོད། མ་ཟད་ཕྱི་རྒྱལ་ཁེ་བདག་ཀུང་སི་མང་པོས་མ་འཇོག་བྱས་ཏེ་དམིགས་བསལ་ཚོང་འབྲེལ་ཁུལ་སོགས་བཙུགས། ཉམ་རྒུད་དུ་འགྲོ་བཞིན་པའི་གཞུང་གི་ཚོང་ལས་སྒྲིག་འཛུགས་རྣམས་ཀྱང་སྒེར་བདག་ཁེ་ལས་དུ་བསྒྱུར། ལྷག་པར་ཐོན་སྐྱེད་ལེགས་པོ་མ་ཐུབ་པའི་ཚོང་ལས་སྒྲིག་འཛུགས་མང་པོ་ཞིག་དེ་མ་ཐག་སྒོ་རྒྱབ་པས་ལས་མི་མང་དག་ཞིག་གི་ལས་གནས་ཤོར།

དེང་དུས་གི་ཀྲུང་གོའི་དཔལ་འབྱོར་ནི་ཁྲོམ་རྭའི་དགོས་འཁོར་མཐུན་པའི་སྒེར་བདག་ཁེ་ལས་གི་དཔེ་མཚོན་ཞིག་ཡིན། ནུས་ཤུགས་ཐོན་སྤེལ་སོགས་ཙ་བའི་མ་ལག་གི་སྒྲིག་འཛིགས་རྣམས་མུ་མཐུད་རྒྱལ་ཁབ་གི་བདག་དབང་བྱེད་བཞིན་ཡོད། སྤྱི་ལོ་༡༩༧༨ ལོའི་ནས་བཟུངས་ཏེ་དཔལ་འབྱོར་གུ་ཡངས་སྲིད་ཇུས་རྐྱེན་པས་ཀྲུང་གོ་ནི་འཛམ་གླིང་སྟེང་གི་དཔལ་འབྱོར་འཕེལ་རྒྱས་མགྱོགས་ཤོས་རྒྱལ་ཁབ་ཞིག་ཡིན། མ་འཇོག་དང་ཕྱིར་འཚོང་གི་ལམ་བུའི་ཐོག་མདུན་བྲལ་དུ་ཡོད། རྒྱལ་སྤྱིའི་དངུལ་ཚད་གཏན་འབེབ་ཁང་གི་གྲངས་གཞིར་གཞིགས་ན་ སྤྱི་ལོ་ ༢༠༠༡ནས་ ༢༠༡༠ བར་གྱི་ལོ་རེའི་ཆ་སྙོམས་རྒྱལ་ཡོངས་ཐོན་བསྐྱེད་རྩ་འབོར་གི་འཕར་ཚད་ནི་བརྒྱ་ཆ་ ༡༠.༥% ཙམ་ཡིན། མ་ཟད་ཐོན་སྐྱེད་ཧ་ཅང་བཟང་པོ་ཡོད་པ་དང། ངལ་རྩོལ་འགྲོ་གྲོན་ཆུང་བ་ རྨང་གཞིའི་འཛུགས་སྐྲུན་སྤྱིའི་ཆ་ནས་ལེགས་པོ་ཡོད་པས་ཀྲུང་གོ་ནི་རྒྱལ་སྤྱིའི་བཟོ་སྐྲུན་བྱེད་མཁན་ཁོངས་རྩེ་མོར་སོན་ཡོད། འོན་ཀྱང་ཀྲུང་གོའི་དཔལ་འབྱོར་ནི་ནུས་ཤུགས་ཡོངས་ཁུངས་ལ་བརྟེན་དགོས་རྐྱེན་འདི་མི་འདངས་བའི་དཀའ་ངལ་ཞིག་ཡོང་བཞིན་ཡོད།

 
རྡོ་སྣུམ་གི་རྟེན་གཞི།

ཀྲུང་གོ་ནི་སྤྱི་ལོ་༢༠༡༠ ལོར་འཛམ་གླིང་གི་ནུས་ཤུགས་བེད་སྤྱོད་མང་ཤོས་གཏོང་མཁན་སུ་འགྱུར། རྡོ་སོལ་གྱི་བེད་སྤྱོད་བརྒྱ་ཆ་ཙམ་ཟིན་གྱི་ཡོད། མ་ཟད་སྤྱི་ལོ་༢༠༡༢ ལོར་ཨ་རི་ལས་ཀྱང་རྡོ་སྣུམ་གྱི་ནང་འདྲེན་མང་བར་བྱས་ཏེ་འཛམ་གླིང་གི་ཨང་དང་པོར་སླེབས། དེས་རྐྱེན་པས་འཁོར་ཡུག་གི་གནོད་འཚེ་འཚབ་ཆེ་བྱུང་འཞིན་ཡོད། འཛམ་གླིང་དངུལ་ཙའི་ཉམས་ཉེས་དང་དཔལ་འབྱོར་གི་ཉམས་རྒུད་སོགས་རྐྱེན་པས་ཀྲུང་གོའི་ཕྱིར་འདྲེན་གྱི་གྲངས་འབོར་ཉུང་དུ་ཕྱིན་ཡོད་པ་དང། ཆ་རྐྱེན་ཡང་ཉམས་ཡོད།

དྲ་རྒྱའི་ཚོང་ལམ་དང་ཉོ་འཚོང་ཐད་ཀྲུང་གོའི་གོམས་སྟབས་ནི་ནུབ་ཕྱོགས་རྒྱལ་ཁབ་ཁག་ལས་དལ་བ་ཡོད། ཨ་ལི་ཕེ་ཀྱི་དྲ་རྒྱའི་འཚོང་ལམ་ནི་ མི་དམངས་ཤོག་སྒོར་ཐེར་འབུམ་4 ཙམ་ཀྱི་ཉོ་འཚོང་བྱེད་བཞིན་ཡོད། ཀྲུང་གོའི་དྲ་ཐོག་གི་ཉོ་འཚོང་ཕྱེད་ཀ་ལས་མང་བ་ཞིག་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་ ཏྲན་སན་ཀྱི་ Tenpay's བརྒྱ་ཆ་ ༢༠ཙམ་དང། ཀྲུང་གོ་ཡུ་ནེན་ཕེ་ China UnionPay's ཡི་བརྒྱ་ཆ་ ༡༠ ཙམ་ཟིན་གྱི་ཡོད།

རྒྱལ་སྤྱིའི་དཔལ་འབྱོར་སྟེང་ཀྲུང་གོའི་གནས་འབབ།

རྩོམ་སྒྲིག

ཀྲུང་གོ་ནི་འཛམ་གླིང་ཚོང་འབྲེལ་ལྷན་ཚོགས་ཀྱི་ཚོགས་མི་ཡིན་པ་དང་ཚོང་འབྲེལ་སྟོབས་ཆེན་རྒྱལ་ཁབ་ཞིག་ཀྱང་ཡིན། ༢༠༡༢ ལོར་ཉོ་འཚོང་གི་ཆ་སྙོམས་བསྡུར་གྲངས་ཨ་སྒོར་ཐེར་འབུམ་ $3.87 ཟིན་ཡོད།

ཡོང་འབབ་འདྲ་མཉམ་དང་གྲལ་རིམ།

རྩོམ་སྒྲིག
 
ཀྲུང་གོའི་ཡོང་འབབ་དམའ་བའི་ལས་མི།

2012 ལོར་ཀྲུང་གོའི་འབྱོར་འབྲིང་གྲལ་རིམ་གྱི་མི་འབོར་ནི་(ལོ་རེའི་ཆ་སྙོམ་ཡོངས་འབབ་ཨ་སྒོར་ ༡༠,༠༠༠ ནས་$༦༠,༠༠༠ བར་ལོན་མཁན་) ས་ཡ་སུམ་བརྒྱ་ཙམ་ཟིན་ཡོད། མ་ཟད་ ཨ་སྒོར་དུང་ཕྱུར་ལས་བརྒལ་བའི་ ཕྱུག་བདག་གི་མི་གྲངས་ནི་ ༡༣༠ནས ༢༥༡ བར་ཟིན་ཡོད། འཛམ་གླིང་སྟེང་གི་དུང་ཕྱུར་ཅན་གྱི་ཕྱུག་བདག་མི་གྲངས་མང་ཤོས་གཉིས་པར་སླེབས་ཡོད།

ཀྲུང་གོའི་ནང་རྒྱལ་སིལ་ཚོང་གི་ཁྲོམ་རྭའི་རིན་ཐང་ནི་ ཐེར་འབུམ་ ༢༠ ཙམ་ཟིན་ཡོད། ལོ་རེའི་སྤྱིའི་འཕར་ཚད་ནི་བརྒྱ་ཆ་12% ཡིན། མ་ཟད་རྒྱལ་ཁབ་ཀྱི་རྒྱས་སྤྲོས་དངོས་པོའི་ཁྲོམ་ར་ནི་རྒྱ་སྐྱེད་ཤིན་ཏུ་ཕྱིན་ཡོད། འཛམ་གླིང་གི་བརྒྱ་ཆ་༢༧.༥% ཙམ་ཟིན་གྱི་ཡོད། འོན་ཀྱང་ཉེ་བའི་ཆར་གྱི་དཔལ་འབྱོར་རྒྱ་སྐྱེད་ཆེ་བའི་དབང་གི་མཛད་སྤྱོད་ཡུལ་ཐང་གོང་ཚད་ཡང་འཕར་འཞིན་ཡོད། དེས་རྐྱེན་ཡོང་འབབ་ཁྱད་འབག་ཧ་ཅང་ཆེན་པོ་ཡོད།

མི་དམངས་ཤོག་དངུལ་རྒྱལ་སྤྱིའི་རྣམ་པ་ཅན་དུ་སྒྱུར་བ།

རྩོམ་སྒྲིག

2008ལོའི་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེས་རྗེས་ཨ་སྒོར་ལ་ཁེར་རྐྱང་བརྟེན་ན་སྐྱོན་ཆ་ཧ་ཅང་ཆེ་བར་དྭོགས་སྟེ་ མི་དམངས་ཤོག་དངུལ་རྒྱལ་སྤྱིའི་རྣམ་པ་ཅན་དུ་སྒྱུར་བའི་ལམ་ལུགས་ལག་བསྟར་བྱས་ཡོད།


ད་དུང་གཟིགས།

རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད།

རྩོམ་སྒྲིག