འདི་ལ་ཇོ་བོ་ཨ་ཏི་ཤའི་རྣམ་ཐར་ནང་ཆོས་འཁོར་དཔལ་གྱི་ལྷ་ས་ཞེས་འཁོད་པ་ལྟར་ན་ཇོ་བོ་རྗེ་བོད་དུ་བྱོན་པའི་དུས་སུ་ཡང་ལྷ་ས་ཞེས་པའི་མིང་ཡོད་མུས་ཡིན་པ་མཐོང་ཐུབ། འོན་ཀྱང་བཙན་པོའི་དུས་སུ་ར་ས་ཞེས་འབོད་པ་མང་ཞིང་ལྷ་ས་གཙུག་ལག་ཁང་མདུན་གྱི་དབོན་ཞང་རྡོ་རིང་གི་ངོས་ཤར་མའི་མཇུག་དུ། ལྷ་སའི་ཤར་ཕྱོགས་སྦྲ་སྟོད་ཚལ་ཞེས་འཁོད་པ་དེས་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སུ་ལྷ་ས་ཞེས་ཀྱང་འབོད་སྲོལ་བྱུང་འདུག་པས། མིང་གི་འགྱུར་བ་དེ་འདྲ་ག་དུས་བྱུང་བ་དང་། དེའི་ནང་དོན་གང་ཡིན་པ་བཅས་ཞིབ་འཇུག་བྱ་དགོས།


དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

"https://bo.wikipedia.org/w/index.php?title=ལྷ་ས&oldid=134548"ལས་སླར་རྙེད་སོང།