ས་མིང་སྟེ། སྡེ་རོང་༼ སྡེ་རོང་།༽རྫོང་ཁོངས་ཀྱི་ཡུལ་ཚོ་ཞིག ས་དེ་གནམ་གཤིས་བཟང་ཞིང་ཡུལ་ཐོན་མང་བའི་རོང་ཆེན་ཡིན། ལོ་རེ་ལ་ལོ་ཐོག་ལན་གཉིས་རེ་འབྱུང་། རི་ལ་ཤ་མོ་སྨན་རྩྭ་སོགས་དང་དོམ་དྲེད་ཝ་སྤྲེལ་ཕག་རྒོད་སོགས་རི་དྭགས་ཀྱི་རིགས། ཐང་ལ་བོད་འབྲས་བྲ་བོ་གྲོ་ནས་སོ་བ་སོགས་འབྲུ་རིགས་དང་། སྟར་ག་དང་ཁམ་བུ་སོགས་ཤིང་ཐོག་གི་རིགས། ཡུལ་དེར་གོ་སྟེང་དགོན་དང་དཔལ་འབར་དགོན་ཞེས་རྙིང་མའི་དགོན་ཁག་གཉིས་ཡོད། མི་ཐམས་ཅད་བོད་རིགས་ཡིན། འཇང་པ་རེད་ཟེར་བའི་སྡེ་གསུམ་ཡོད་ཀྱང་དེ་རྣམས་སྔོན་དུས་འཇང་དཔོན་གྱིས་ཡུལ་དེ་བཟུང་བའི་དུས་བཙན་དབང་གིས་འཇང་རྒྱུད་འདྲེས་སོང་བའི་བོད་རིགས་རེད།

ད་དུང་གཟིགས། རྩོམ་སྒྲིག

·གོ་སྟེང་དགོན། ·སྤུན་གསུམ་དཔལ་འབར་དགོན།