ཨེ་ཤ་ཡ་ཤར་མ་ཞེས་པ་ནི་ཨེ་ཤ་ཡའི་ཤར་རྒྱུད་ལ་ཟེར་ཞིང་།དེའི་ཁོངས་སུ་ཀྲུང་གོའི་སྐམ་ས་ཆེན་པོ་དང་།འཇར་པན་གྱི་ལེ་ཏའོ།ཐའེ་ཝན་གྱི་གླིང་ཕྲན།ཁྲའོ་ཞན་ཕྱེད་གླིང་།ཧའེ་ནན་ཧའེ་ནན།ལིའུ་ཆིའུ་གླིང་ཚོམ།སོག་ཡུལ་ས་མཐོ་སོགས་ཚུད་ཡོད། ཨེ་ཤེ་ཡ་ཤར་མའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་༡༡༧༡༠ཙམ་ཡོད་པ་དང་།སྡོད་གནས་མི་འབོར་དུང་ཕྱུར་༡༦ཙམ་ཟིན་པ།འཛམ་གླིང་མི་འབོར་གྱི་༢༢%ཟིན་པ།འཛམ་གླིང་ཐོག་མི་འབོར་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པ།མི་འབོར་འདུས་ཚད་མི་རེ་ངོ་རེར་སྤྱི་ལེ་ངོས་གྲུ་༡༣༣ཟིན་པ།འཛམ་གླིང་གི་ཆ་སྙོམས་ཆུ་ཚད་ཀྱི་ལྡབ་གསུམ་ཙམ་ཡིན་པ་བཅས་རེད། ཨེ་ཤེ་ཡ་ཤར་མའི་ས་ཁུལ་ནི་ཤེས་དཔལ་འབྱུང་གནས་ཡིན་པ་དང་།རྨ་ཆུ་དང་འབྲི་ཆུའི་འབབ་རྒྱུད་དུ་མི་འབོར་མང་བའི་ཞིང་ལས་དང་སྤྱི་ཚོགས་སྔ་ཙམ་ཐོན་ནས་གནའ་བོའི་ཀྲུང་ཧྭའི་ཤེས་དཔལ་དར་ཡོད།

རྒྱ་ཡིག་རིག་གནས་ནི་ཨེ་ཤ་ཡ་ཤར་མའི་ཤེས་རིག་ཐུན་མོང་གི་མཆོག་ནོར་ཡིན་པས།རྒྱ་ཡིག་གི་རིག་གནས་མུ་ཁྱུད་གྲུབ་པ་རེད།

ཨེ་ཤ་ཡ་ཤར་མ་

སྐད་ཆ། རྩོམ་སྒྲིག

ཨེ་ཤེ་ཡ་ཤར་མའི་སྐད་ཡིག་ཁྱབ་སྟངས་ལ་ཕལ་ཆེར་སྐད་ཁོངས་ཆེན་པོ་བཞི་རུ་དབྱེ་ཆོག་སྟེ།རྒྱ་བོད་སྐད་ཁོངས་དང་།ཨར་ཐེ་སྐད་རིགས།ཁེར་རྐྱང་སྐད་ཁོངས།གླིང་ཕྲན་ལྷོ་མའི་སྐད་ཁོངས།

མི་འབོར་ རྩོམ་སྒྲིག

མི་རིགས་ རྩོམ་སྒྲིག

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ། རྩོམ་སྒྲིག

ཀྲུང་གོའི་སྐམ་ས་ཆེ་མོའི་གཞུང་ཕྱོགས་ཀྱི་མཚན་ཉིད།ཀྲུང་ཧྭ་མི་རིགས་ལ་མི་རིགས་༥༦ཡོད་པའི་ནང་རྒྱ་རིགས་དང་གྲངས་ཉུང་མི་རིགས་༥༥ཚུད་ཡོད།

རི་པིན་ རྩོམ་སྒྲིག

ཏ་ཧོ་རིགས་ཀྱི་མི་འབོར་ཕལ་ཆེར་དུང་ཕྱུར་གཅིག་དང་ཁྲི་༢༥༡༡དང་ཁྲི་བདུན་སྟོང་ཡིན་ཞིང་།གཙོ་བོ་འཇར་པན་གྱི་གླིང་ཧྲིལ་བོར་ཁྱབ་ཡོད་པ་དང་།འཇའ་ཕན་སྐད་ནི་སྐད་བརྡ་གཙོ་བོ་ཡིན།

ལིའུ་ཆིའུ། རྩོམ་སྒྲིག

ལིའུ་ཆིའུ་མི་ནི་ལིའུ་ཆིའུ་གླིང་ཚོམ་གྱི་མི་རིགས་གཙོ་བོ་ཡིན་པ་དང་།ལོ་རྒྱུས་ཐོག་ལིའུ་ཆིའུ་མི་རིགས་གཙོ་བོ་ལིའུ་ཆིའུ་གླིང་ཚོམ་དུ་གནས་ཡོད།

ལྷོ་ཀོ་རི་ཡ། བྱང་ཀོ་རི་ཡ། རྩོམ་སྒྲིག

ཁྲའོ་ཞན་ནི་གཙོ་བོ་ཁྲའོ་ཞན་ཕྱེད་གླིང་དང་དེའི་ཉེ་འགྲམ་གྱི་ཀྲུང་གོའི་བྱང་ཤར་དང་ཨུ་རུ་སུའི་རྒྱང་ཤར་ས་ཁུལ་སོགས་སུ་གནས་ཤིང་།ཁྲའོ་ཞན་དང་ཧན་གོའི་མི་རིགས་གཙོ་བོ་ཡིན་པ་དང་།རྒྱལ་ཁབ་གཉིས་ལ་ཁྱོན་བསྡོམས་མི་གྲངས་ཁྲི་བདུན་སྟོང་ལྷག་ཡོད་པའི་ཁྲའོ་ཞན་རིགས་ཀྱི་མི་ཡིན།

སོག་པོ། རྩོམ་སྒྲིག

སོག་རིགས་ལ་མི་གྲངས་ཁྲི་༡༠༠༠ཙམ་ཡོད་པའི་ནང་ནས་མི་གྲངས་ཁྲི་༦༠༠ཀྲུང་གོའི་མངའ་ཁོངས་སུ་སྡོད་པ་དང་།ལྷག་པར་དུ་ནང་སོག་རང་སྐྱོང་ལྗོངས་དང་ཤིན་ཅང་དང་དེ་བཞིན་ཐག་ཉེའི་ཞིང་ཆེན་དུ་འཚོ་སྡོད་བྱེད་ཀྱི་ཡོད།དེ་བྱིངས་མོང་གོལ་རྒྱལ་ཁབ་དང་དེ་བཞིན་ཨུ་རུ་སུར་འཚོ་སྡོད་བྱེད་ཀྱི་ཡོད།

ཐའེ་ཝན་ རྩོམ་སྒྲིག

ནན་ཏའོ་མི་རིགས་ནི་རྒྱ་མཚོ་ཆེན་པོའི་གླིང་ཆེན་དང་ཨེ་ཤེ་ཡ་ཤར་ལྷོའི་རྒྱུད་དུ་གླིང་ཕྲན་ལྷོ་མའི་སྐད་ཁོངས་སྐད་དུ་བྱེད་པའི་རིགས་རྒྱུད་ལ་ཟེར།

བོད་ལྗོངས རྩོམ་སྒྲིག

བོད་རིགས་ནི་གཙོ་བོ་མཚོ་བོད་ས་མཐོར་འཚོ་བ་སྐྱེལ་བ་དང་བོད་སྐད་བེད་སྤྱོད་བྱེད་མཁན་གྱི་མི་རིགས་ཤིག་རེད། གཙོ་བོ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གནས་པའི་བོད་ལྗོངས་དང་།སི་ཁྲོན།མཚོ་སྔོན་སོགས་ཀྱི་ས་ཁོངས་སུ་མི་གྲངས་ཁྲི་༦༥༠ལྷག་ཡོད།

པར་རིས་བར་འཁྱམས། རྩོམ་སྒྲིག


ད་དུང་གཟིགས། རྩོམ་སྒྲིག

ཕྱི་ཕྱོགས་དྲ་མཐུད། རྩོམ་སྒྲིག