མཚོ་སྔོན་ནི་མདོ་སྨད་ཙོང་ཁའི་མཚོན་པའི་རྨ་ཆུའི་བྱང་རྒྱུད་ཀྱི་ཡུལ་ལུང་སྤྱི་ལ་ཟེར་ཞིང་། མཚོ་སྔོན་ཞེས་པའི་མིང་འདི་ཏུན་ཧོང་གཏེར་ཡིག་ཏུ་མཐོང་རྒྱུ་ཡོད་པས། བཙན་པོའི་དུས་སྐབས་ནས་ཡོད་པའི་ཐ་སྙད་ཅིག་རེད།

མཚོ་སྔོན་ཞེས་པའི་མིང་འདི་བཞིན་རྒྱ་ཡིག་ནང་དུའང་དོན་བསྒྱུར་བྱས་ཡོད་ཅིང་། དེའང་བཙན་པོའི་དུས་སྐབས་རེད། དཔེར་ན། སྐབས་དེར་བོད་རྒྱའི་བར་དུ་དམག་འཐབ་མང་བོ་བྱུང་མྱོང་བས། རྒྱ་ནག་གི་དམག་སྤྱི་ལ་ལས་སྙན་ངག་བྲིས་པའི་ནང་དུ། ༼མཚོ་སྔོན་སྤྲིན་པས་གངས་རི་ནམ་རྒྱུན་བསྒྲིབས་ནའང་། ལུས་ཀྱི་འཁྲབ་རྨོག་མ་རལ་བར་དུ་ཕྱིར་མི་ལོག ༽ལྟ་བུའི་ཚིག་སྦྱོར་མཐོང་རྒྱུ་འདུག

མཚོ་སྔོན་ཁོངས་གཏོགས་ཀྱི་ཡུལ་ལུང་གང་རུང་དུ་སྐྱེ་བའི་མི་ལ་མཚོ་སྔོན་གྱི་མི་ཞེས་འབོད་།

"མཚོ་སྔོན་གྱི་མི།"ནང་་གི་ཤོག་ངོས།

སྡེ་ཚན་འདིར་གཤམ་གྱི་ཤོག་ངོས་ཁོ་ན་བསྡུས་ཡོད།