ལྷ་སྡེ་གནམ་ལོ་ཡག

རྩོམ་པ་པོ

ལྷ་སྡེ་གནམ་ལོ་ཡག སྨྱུག་མིངལྡོང་སྲས དབྱིན་ཡིག་ནང Namloyakཨོ་སི་ཁྲི་ལི་ཡའི་བོད་མི བོད་རྒྱ་སྐད་གཉིས་སྙན་ངག་པ། སྒེར་ཚུགས་ཅན་གྱི་བོད་རིག་པའི་ཞིབ་འཇུག་པ། སྐྱེ་ཡུལ་ཧང་ངེ་ལྷ་སྡེ ཨ་མདོ མཚོ་སྔོན མཚོ་ལྷོ་ཁུལ ཧང་ངེ་རྫོང་།

ལྷ་སྡེ་གནམ་ལོ་ཡག

མི་ཚེ་ལོ་རྒྱུས

རྩོམ་སྒྲིག

རིག་གནས་གསར་བརྗེ་ཆེན་པོསྐབས་སུ་ ཨ་མདོནས་སྐྱེ་ཞིང་། ཧང་ངེ་རྩྭ་ཐང་ནས་འཚར་ལོངས་བྱུང་།

ཕྱི་ལོ ༡༩༩༢ལོའི་ཟླ ༧ནང་། མཚོ་སྔོན་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གླིངབོད་ཡིག་སྡེ་ཁག་ནས་སློབ་མཐར་ཕྱིན་ཞིང་། སློབ་ཁྲིད་ཞིབ་འཇུག་པ་བྱས་འདུག

ཕྱི་ལོ ༡༩༨༩ལོ་ནས་ཕྱི་ལོ ༡༩༩༣ལོའི་བར། བོད་ཡིག་ཚགས་ཤོག་དང་དུས་དེབ་འདྲ་མིན་སྟེང་སྙན་ངག་དང་ལྷུག་རྩོམ་བཅུ་ཕྲག་འགའ་སྤེལ་འདུག

ཕྱི་ལོ ༡༩༩༣ལོའི་ཟླ ༥ཚེས ༩ཉིན། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཁང་གིས་འཛིན་བཟུང་གིས་རྒྱལ་ཁབ་ཁ་བྲལ་བའི་ཉེས་མིང་བཀལ། ཕྱི་ལོ ༡༩༩༧ལོའི་ཟླ ༡༡ཚེས ༡༤ཉིན་གློད་གྲོལ་ཐོབ་འདུག

ཕྱི་ལོ ༡༩༩༩ལོའི་ཟླ ༣ནང་རྒྱ་གར་ནང་བཙན་བྱོལ་ལ་འབྱོར་འདུག

ཕྱི་ལོ ༡༩༩༩ལོའི་ཟླ ༥ཚེས ༡ཉིན་ནས་ཕྱི་ལོ ༢༠༠༥ལོའི་ཟླ ༣ཚེས ༣༡ཉིན་བར། བཙན་བྱོལ་བོད་གཞུང་བོད་གནས་ཉམས་ཞིབ་ཁང་དུ་ཉམས་ཞིབ་པའི་ལས་ཀ་བྱས་ཤིང་། དམིགས་བཀར་བོད་རྒྱའི་ས་མཚམས་ལོ་རྒྱུས་ཞིབ་འཇུག་བྱས། དེ་མཚུངས་སུ་རྒྱ་ཡིག་གི་དུས་དེབ་དང་དྲ་རྒྱའི་སྟེང་སྙན་ངག་དང་དཔྱད་རྩོམ་གང་མང་སྤེལ། དུས་ཡུན་འདིའི་ནང་ཡིག་འབྲུ་ས་ཡ་གཅིག་ལྷག་གི་གསར་རྩོམ་དང་ཡིག་འབྲུ་ས་ཡ་གསུམ་དང་འབུམ་ལྔ་ལྷག་གི་ཡིག་བསྒྱུར་གྲུབ་ཡོད་འདུག

ཕྱི་ལོ ༢༠༠༥ལོའི་ཟླ ༤ཚེས ༡ཉིན་ནས་ཕྱི་ལོ ༢༠༠༧ལོའི་ཟླ ༥ཚེས ༡༣ཉིན་བར་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངྷ་རམ་སཱ་ལར་སྡོད་པའི་མཐོ་རིམ་ཞིབ་འཇུག་པའི་ལས་ཀ་གཉེར་འདུག

ཕྱི་ལོ ༢༠༠༧ལོའི་ཟླ ༥ཚེས ༡༤ཉིན། ཨོ་སི་ཁྲི་ལི་ཡར་བསྐྱོད་ནས་སློབ་གཉེར་དང་ཤུགས་ལས་གཞོལ། དེ་མཚུངས་སུ་རྩོམ་འབྲི་དང་ཞིབ་འཇུག ཟིན་བྲིས་གཉེར་བ་སོགས་ཀྱང་ཆག་མེད་དུ་བསྒྲུབས་འདུག

ཕྱི་ལོ ༢༠༠༧ལོའི་ཟླ ༥ཚེས ༡༦ཉིན། བོད་ནང་གི་རྒྱ་ཡིག་དྲ་རྒྱ་བོད་ཀྱི་རིག་གནས་སྟེང་གི་ཟིན་བྲིས་ལྡོང་སྲས་ཕ་ཡུལ་དུ་ལོག་པ་འགོག་སྡོམ་འོག་ཚུད།

ཕྱི་ལོ ༢༠༠༩ལོ་ནས༢༠༡༦ལོ་བར། རྒྱལ་སྤྱིའི་བོད་རིག་པའི་གླེང་སྟེགས་ཀྱི་རྩོམ་སྒྲིག་པའི་ལས་འགན་གླ་མེད་དུ་ཞོར་སྒྲུབ་བྱས་ཡོད།

ཕྱི་ལོ༢༠༢༠ལོ་ནས་ཨོ་སི་ཁྲི་ལི་ཡ་ནུབ་མའི་མཁར་ཁྲོམ་་སློབ་ཆེན(Curtin University)ནང་སློབ་གཉེར་བྱེད་ཀྱིན་ཡོད།

མི་ཚེ་ལྟ་བ

རྩོམ་སྒྲིག

ལྷ་སྡེ་གནམ་ལོ་ཡག་གིས་ནམ་རྒྱུན་བཤད་དོན། བྱ་དངོས་གང་དང་གང་ལའང་བརྟག་དཔྱད་ཞིབ་འཇུག་བརྒྱུད་ནས་གྲུབ་དོན་ལྟར་ལྟ་བ་འགོད་འོས་ཤིང་། ནམ་ཞིག་གྲུབ་དོན་དེ་བཞིན་བདེན་དཔང་གསར་བ་རེག་ནས་བསྙོན་འབྱིན་བྱེད་དགོས་ཐུག་ཚེ་དེ་ག་རང་བྱེད་དགོས། དེ་ལས་ལྡོག་ན། བྱ་དངོས་གང་རུང་གི་མཐར་ཐུག་གི་ངོ་བོ་བརྙེད་མི་ཐུབ།


བརྩམས་ཆོས

རྩོམ་སྒྲིག
  • སྙན་དེབ《མཁར》(བོད་ཀྱི་བཙོན་མའི་སྙན་དེབ་ཐོག་མ)༡༩༩༩ལོའི་ཟླ ༡༢ནང་ངྷ་རམ་སཱ་ལར་དཔར་བསྐྲུན་བྱས།

ཟུར་ལྟའི་དཔྱད་གཞི

རྩོམ་སྒྲིག

དཔྱད་གཞིའི་དཀར་ཆག:

ཁུངས་སྐྱེལ་དྲ་འབྲེལ

རྩོམ་སྒྲིག