== == གླིང་སྨྱོན། ད་ལྟ་ནི་བོད་ནང་དུ་ཡོད། ==མཚོ་སྔོན་རེབ་གོང་གི་མི་ཡིན། ཆུང་ངུའི་དུས་ནས་རང་མི་རིགས་ཀྱི་རིག་གནས་ལ་དགའ་ཞིང་དེར་སྦྱངས་པ་བྱས། རེབ་གོང་མི་རིགས་སློབ་འབྲིང་འགྲིམ་ཤིང་། ༢༠༠༠ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་རྒྱུགས་འཕྲོད་དེ་དངོས་ལུགས་རིག་པར་སློབ་སྦྱོང་བྱས་པ་དང་། སློབ་མཐར་ཕྱིན་རྗེས་ཀན་སུའུ་དོན་ཡོད་བོད་ཡིག་བརྡ་འཕྲིན་ལག་རྩལ་ཀུང་ཟི་རུ་ལོ་ཕྱེད་ཙམ་གྱི་རིང་ལས་ཀ་གཉེར་བ་ཡིན། སྔ་རྗེས་སུ་གངས་ལྗོངས་གཞོན་ནུའི་བོད་ཡིག་གླེང་སྟེགས་དང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་ཚིགས་སོགས་བཟོས་ནས་ལེགས་འགྲུབ་བྱུང་ཡོད། ==