ང་རང་ནི་པེ་ཅིན་ན་ཡོད་པའི་བོད་རིགས་སློབ་མ་ཞིག་ཡིན། སློབ་གྲྭ་ཆེན་མོར་སླེབས་རྗེས། དྲ་ཐོག་ལ་བཞུགས་རྒྱུའི་གོ་སྐབས་དང་མཐུན་རྐྱེན་བྱུང་བས། ངས་དྲ་ཐོག་ན་རང་མི་རིགས་ཀྱི་ཕ་སྐད་བོད་ཡིག་དང་འབྲེལ་ཡོད་ཀྱི་ཆ་འཕྲིན་ཡོད་ཚད་ལ་དོ་སྣང་ལྷག་ཏུ་བྱེད་ཀྱི་ཡོད། དེ་ལྟར་ལོ་གཅིག་སོང་བ་ན། མ་གཞི་བོད་ཡིག་འདི་ཉིད་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་སྐད་ཡིག་གཞན་དང་འདྲ་བར་རྩིས་འཁོར་དྲ་རྒྱའི་ནང་འཇུག་ཐུབ་པ་ནི། ང་ཚོ་བོད་མི་རིགས་ཚང་མས་དགའ་བར་འོས་པའི་བྱ་བ་ཞིག་ཡིན་རུང་། བོད་ཡིག་འདི་ཉིད་དྲ་ཐོག་ཏུ་ཐོན་ཕྱིས་བས། དབྱིན་ཇི་དང་རྒྱ་ཡིག་སོགས་ཡིག་རིགས་གཞན་པ་དང་བསྡུར་ཚེ། ང་ཚོའི་དྲ་རྒྱའི་ཐོག་གི་དྲ་ཚིགས་ཀྱི་རྣམ་པ་ཉུང་ཞིང་། འབོར་ཚད་ཀྱང་ཆེས་ཉུང་ཉུང་རེད། མ་ཟད་ཡོད་པ་འགའ་ཤས་ཀྱང་རྒྱ་གཞུང་ནས་བཀག་བསྡོམས་བྱེད་ཀྱི་ཡོད་པས། ང་ཚོར་དཀའ་ཁག་མང་པོ་ཞིག་ཡོད། འོན་ཀྱང་། དགའ་བར་འོས་པ་ཞིག་ནི་ཝེ་ཁེ་རིག་མཛོད་དེ། རང་དབང་གི་ཀུན་འདུས་རིག་མཛོད་ཆེན་མོ་འདི་ནི་འཛམ་གླིང་སྐད་ཡིག་ཡོད་ཚད་ལ་རང་དབང་གི་སྒྲིག་འཇུག་བྱེད་རྒྱུའི་གོ་སྐབས་སྦྱིན་ཡོད་ལ། འདིའི་ནང་རིག་གནས་དང་ཆ་འཕྲིན་ཀུན་འདུས་ཡོད་པས། ཝེ་ཁེ་བོད་ཡིག་རིག་མཛོད་འདི་གོང་ནས་གོང་དུ་ཕུན་སུམ་ཇེ་ཚོགས་སུ་བཏང་ཐུབ་ན་ནི། ང་ཚོའི་བོད་སྐད་དང་བོད་ཀྱི་རིག་གནས་རྒྱུད་འཛིན་དང་ཁྱབ་སྤེལ་བྱེད་པར། དཔག་ཏུ་མེད་པའི་ནུབ་པ་ཐོན་ཐུབ་པས། ང་རང་ཉིད་ནས་ཀྱང་ཉིན་རེ་བཞིན་དུས་ཁོམ་ཡོད་པ་དང་ཚིག་དང་ཐ་སྙད་དེ་བཞིན་ཆེས་ཕུལ་བྱུང་གི་དེབ་སོགས་འདིར་ཡར་རྩོམ་སྒྲིག་བྱ་བཞིན་ཡོད། རེ་བར་ཧི་མ་ལ་ཡའི་རི་རྒྱུད་དུ་འཚོ་བཞིན་སྐད་ཡིག་འདི་ཉིད་བེད་སྤྱོད་བྱེད་བཞིན་པ་ཡོད་ཚད་ཀྱིས། དྲ་ཚིགས་འདིར་རང་རང་གི་ནུས་ཤུགས་རེ་འདོན་རོགས་ཞུ། ང་ཚོས་རང་ཅག་ཚང་མར་དབང་བའི་དྲ་ཚིགས་ཡང་ན་གཞི་ཁྱིམ་འདི་ཉིད་ཕུན་ཚོགས་དགའ་ལྡན་གླིང་ཞིག་ཏུ་བསྐྲུན་པར་སྨོན། །

Start a discussion with Punga

Start a discussion
"https://bo.wikipedia.org/w/index.php?title=User_talk:Punga&oldid=81382"ལས་སླར་རྙེད་སོང།